ཐོན་མིའི་སློབ་ཚོགས་ཀྱི་ལས་འཛིན།
མཚོ་སྔོན་ཞིང་ཆེན་དགེ་ལས་སྤྱིའི་ཚོགས་པ་ཐོན་མི་སམ་བྷོ་ཊ་རོགས་སྐྱོར་ཐེབས་རྩའམ་ཐོན་མིའི་སློབ་ཚོགས་ཞེས་པ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཐུན་མོང་གིས་གྲུབ་པའི་སློབ་གྲོགས་མཉམ་འབྲེལ་ཚོགས་པ་ཞིག་ཡིན་ལ། སྤྱི་ལོ་༢༠༡༤ལོའི་ཟླ་༧པའི་ཚེས་༡༣ཉིན་སློབ་གླིང་རང་གི་འཁྲུངས་སྟོན་སྐབས་ཉི་ཤུ་བའི་དགེ་སློབ་ལྷན་འཛོམས་ཀྱི་གླགས་དང་བསྟུན་ནས་མདོ་དབུས་ཁམས་གསུམ་གྱི་མཁས་པ་བརྒྱད་ཅུ་ལྷག་གདན་དྲངས་ནས་ཐོན་མིའི་སློབ་གསོའི་ཕྱོགས་ནས་བགྲོ་གླེང་རྒྱ་ཆེར་གནང་ཞིང་། སྐབས་དེར་སློབ་གླིང་འདིའི་བྱེད་པོ་བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་སྐུ་དངོས་ཀྱིས་དབུ་ཁྲིད་པར་བརྟེན་ནས་གསར་དུ་བཙུགས་པ་ཡིན། སློབ་ཚོགས་ཀྱིས་ནམ་ཡང་སློབ་གྲྭའི་དབུ་བཞུགས་ལྷན་ཚོགས་ཀྱི་འཆར་གཞི་དང་བཀོད་འདོམས་ལྟར་ལས་ཀ་བྱ་དགོས་ཤིང་། སློབ་ཚོགས་འདིའི་ཁ་ཕྱོགས་ནི་ཐོན་མིའི་སློབ་གསོའི་རྩ་དོན་གཞིར་བཟུང་ནས་དགེ་རྒན་རྣམ་པའི་དགོངས་བཞེད་དང་མཐུན་དགོས་པར་མ་ཟད། སློབ་ཚོགས་ཀྱིས་ནམ་ཡང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པར་མ་ཡུམ་སློབ་གྲྭ་དང་མཐུན་སྒྲིལ། མཉམ་གནས། སྐྱིད་སྡུག་མཉམ་མྱོང་གིས་ལས་དོན་བསྒྲུབ་དགོས་པ་དང་། མཐར་ཕྱིན་སློབ་མ་གཙོས་པའི་སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་དང་གཞོག་འདེགས། མིག་དཔེ་སྟོན་ཐུབ་དགོས།

དངོས་མིང་། ཁཱ་ཤེས་རབ་རྒྱ་མཚོ།
པིར་མིང་། སྐུད་པ།
ཕ་ཡུལ། སི་ཁྲོན་རྔ་བ་ཁུལ་རྔ་བ་རྫོང་།
ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ། མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་ལས་འཛིན་དང་རྐང་བདག བཙན་པོའི་མགར་གྱི་དྲ་བའི་དྲ་བདག གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་དོ་དམ་པ་དང་གཙོ་སྐྱོང་བ། མཚོ་སྔོན་ཞིང་ཆེན་དགེ་ལས་ལྷན་ཚོགས་ཐོན་མི་སམ་བྷོ་ཊའི་རོགས་སྐྱོར་ཐེབས་རྩའི་ཚོགས་གཙོ། རྔ་ཡུལ་ཁཱ་ཤཱི་དགོན་ནང་བསྟན་དཔེ་ཚོགས་གཟིགས་འབུལ་ཁང་གི་གཙོ་འགན་པ་དང་དགོན་པའི་དོ་དམ་གཙོ་བདག རྫོང་དང་ཁུལ་སོགས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། རྔ་བ་རྫོང་གི་སྲིད་གྲོས་ཨུ་ཡོན། རྭ་རྒྱའི་བཀའ་འགྱུར་ལས་སྒྲུབ་ཁང་གི་གཙོ་འགན་པ། ཁྲིན་ཏུའུ་བཀའ་བསྟན་གཙུག་ལག་ལས་སྒྲུབ་ཁང་གི་འགན་འཛིན་པ།
བརྩམས་ཆོས།
རྔ་ཡུལ་ཁཱ་ཤཱི་དགོན་གྱི་གདན་རབས། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་གསུང་འབུམ་པོད་༤༡། དཔའ་བར་འགྲོ་བའི་མདོ། བོད་ཡུལ་དམངས་ཁྲོད་ཀྱི་རྩ་ཆེའི་དཔེ་རྙིང་ཕྱོགས་བསྒྲིགས་པོད་༥༠། རྭ་རྒྱའི་བཀའ་འགྱུར་པོད་༡༠༤བདག་ཉིད་ཅན་སོགས་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་ཕྱག་ལས་གནང་མུས་ཡོད།
འབྲེལ་གཏུག་ཁ་པར། 15283703999
དངོས་མིང་། བློ་བཟང་ཆོས་འཕེལ། པིར་མིང་། འབའ་སྣང་གྲོལ།
ཡོན་ཚད། སློབ་ཆེན།
ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་དང་། དྲུང་ཡིག་ཆེན་མོ་ཟུར་བ། མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་ལས་འཛིན་དང་རྐང་བདག ཐོན་མི་སཾ་བྷོ་ཊའི་ཐེབས་རྩའི་ཚོགས་གཞོན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་རྩོམ་སྒྲིག་པ་དང་གསར་འགོད་པ། ཕ་ཡུལ་གྱི་གནས་བབ་ལ་དམིགས་ནས་ཕ་ཁྱིམ་བདག་སྐྱོང་ཚོགས་པ་དང་དགེ་རྩ་ལྷན་ཚོགས་གཉིས་བཙུགས་ཏེ་ལས་ཀའི་རྒྱུན་སྐྱོང་བཞིན་ཡོད།
བརྩམས་ཆོས། ༼འོད་ཀྱི་ཞབས་རྗེས༽ ༼ལས་དབང་གསར་བརྗེ༽ ༼སྣང་བ་གྲོལ་བའི་མགུར༽ ༼ དཔྱད་གླེང་ཤོག་དྲིལ་མ༽ ༼གནའ་བོའི་མི་ཆོས་ཀྱི་རིག་གཞུང་སློབ་གསོ༽ སོགས་ཡོད།
སློབ་སྦྱོང་བྱ་ཡུལ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་། བླ་བྲང་། ལྷ་ས། ནུབ་བྱང་མི་རིགས་སློབ་ཆེན་སོགས།
སྡོད་གནས། མཚོ་ལྷོ་འབའ་རྫོང་།
དངོས་མིང་། བསོད་ནམས་རབ་སྣང་།
ཕ་ཡུལ། མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ།
ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་པ།
རྨ་ཆེན་རྫོང་ཁྱུང་ཆེན་ཀོ་པགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེའི་འགན་འཛིན་པ།
གངས་ལྗོང་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་ཚིགས་རྩོམ་སྒྲིག་པ་དང་དྲ་ཚིགས་གསར་འགོད་པ།
མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོ་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་རྒྱུན་ལས།
དུས་ཀྱི་སྨྲ་ལྕེ་དྲ་ལམ་རིག་གནས་བགྲོ་གླེང་གི་གཙོ་སྐྱོང་བ།
མགོ་ལོག་རི་བོང་བློ་ལྡན་སློབ་སྦྱོང་མཉེན་ཆས་ཀྱི་འགན་འཛིན་གཞོན་པ།
རྨ་ཆེན་རྫོང་གངས་ལྗོངས་མཉམ་སྒྲུབ་ཚོང་སྡེའི་མཉམ་འབྲེལ་ཚོང་སྡེ་ཡི་མ་བདག་གི་འཐུས་མི།
དངོས་མིང་། འཕྲིན་ལས་ཉི་མ། པིར་མིང་། རྨ་སྲས་ཕོ་ཉ།
ལས་གནས། ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲྭ་ཚིགས་རྩོམ་སྒྲིག་པ་དང་གསར་འགོད་པ།
མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན།
མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི།
རྨ་ཆེན་རྫོང་སྲིད་གྲོས་ཀྱི་ཨུ་ཡོན།
གྱང་རིང་དགོན་དམངས་དམ་ཁང་གི་དགོན་གཙོ།
ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་གི་ཚོགས་གཙོ་གཞོན་པ།
བརྩམས་ཆོས་ཀྱི་སྐོར་ལ། སྙན་ངག་གི་དེབ་སྟེ་གླིང་བུ་རྒྱང་འབུད་དང་། ཕུག་རོན་གྱི་གསང་བརྡ། ཕུག་རོན་གྱི་གཤོག་འགྱུར་དང་། བརྡ་སྤྲོད་ཀྱི་དེབ་སྟེ། བྱིས་པའི་དགའ་སྟོན། གཞོན་ནུའི་ལམ་ཡིག ཐོན་མིའི་འཛུབ་སྟོན། བདེན་པའི་ཚངས་ཐིག་བཅས་བཞི་དང་། ཚིག་ཐུང་རྩོམ་ཡིག་གི་དེབ་སྟེ། སྐད་ཆའི་རླབས་སྒྲ་དང་། ཚིག་གི་ཕྲེང་བ། དཔེ་ཀློག་བཅས་ཡོད་དོ།།

དངོས་མིང་། དམ་ཆོས་ཕུན་ཚོགས།
ཕ་ཡུལ། མཚོ་ལྷོ་མང་རྫོང་བྱ་མདོ་ཡུལ་ཚོ།
༡༩༩༥-༢༠༠༡བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་སྦྱོང་བྱས།
ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས།
མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་ཚིགས་རྩོམ་སྒྲིག་པ་དང་དྲ་ཚིགས་གསར་འགོད་པ།
མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོ་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་རྒྱུན་ལས།་
|