སློབ་གླིང་གསར་འགྱུར། ཤེས་རིག་གླིང་གི་སློབ་འགོ་བརྩམས།

སློབ་གླིང་གསར་འགྱུར། ཤེས་རིག་གླིང་གི་སློབ་འགོ་བརྩམས། 


     ༢༠༢༢ལོའི་སྤྱི་ཟླ་༢ཚེས༢༨ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་སློབ་མ་རྣམས་ལ་མིང་ཐོ་འགོད་པ་དང་། ཞིང་ཆེན་ཕྱི་ནང་གི་སློབ་མ་ཡོངས་ལ་འགྲུལ་བཞུད་གཤེར་རིས་ཞིབ་གཤེར་དང་། ཞིང་ཆེན་གཞན་གྱི་སློབ་མ་རྣམས་ལ་ཉིང་སྐྱུར་བརྟག་དཔྱད་ཡི་གེ་ཡོད་མིན་རྟོག་ཞིབ་གནང་བ་སོགས་བདེ་འཇགས་ངང་སློབ་འགོ་རྩོམ་པར་ཕྱོགས་ཡོངས་ནས་ཤུགས་སྣོན་ལྷོད་མེད་བྱས།  

      ཚེས་༢ཉིན་དགེ་སློབ་ཡོངས་མཉམ་དུ་སློབ་འགོ་རྩོམ་པའི་སློབ་ཐུན་དང་བོ་འཚོགས་པ་དང་།   ཏང་ཀྲུང་དབྱང་གི་སྲོག་ཤིང་གཙོ་འཛིན་ཞི་ཅིན་ཕིང་གི་བསམ་བློའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱས་པར་མ་ཟད།  སློབ་མའི་འཕྲོད་རྟེན་གྱི་སྐོར།  སློབ་སྦྱོང་གི་སྐོར། དྲྭ་རྒྱ།  ཟས་རིགས། འགྲིམ་འགྲུལ་སོགས་བདེ་འཇགས་ཀྱི་སྐོར་ལ་སློབ་སྦྱོང་ནན་ཏན་བྱས། 

     ཚེས་༣ཉིན་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་མཉམ་གཅིག་ཏུ་བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་བ་བསུས་ཤིང་།  སློབ་མ་རྣམས་ཀྱིས་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་ནས་དགེ་སློབ་ཡོངས་སྤྲོ་སེམས་དང་ཡིད་ཆེས་ཀྱིས་ཡོངས་སུ་ཁེངས།  
གསར་འགོད་པ། འབའ་སྣང་གྲོལ།  

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-03-03 ལྟ་ཀློག (3414)