
སློབ་གླིང་གསར་འགྱུར། ༢༠༢༢ལོའི་སློབ་འགོ་གསར་དུ་བརྩམས་པ།
༢༠༢༢ལོའི་སྤྱི་ཟླ་༣ཚེས༡ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་༢༢ལོའི་སློབ་འགོ་གསར་དུ་བརྩམས་ཤིང་། དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་སློབ་མ་རྣམས་ལ་མིང་ཐོ་འགོད་པ་དང་། ཞིང་ཆེན་གཞན་ནས་ཡོང་བའི་སློབ་མ་རྣམས་ལ་ཉིང་སྐྱུར་བརྟག་དཔྱད་ཡི་གེ་ཡོད་མིན་རྟོག་ཞིབ་གནང་བ་སོགས་བདེ་འཇགས་ངང་སློབ་འགོ་རྩོམ་པར་ཕྱོགས་ཡོངས་ནས་ཤུགས་སྣོན་ལྷོད་མེད་བྱས།
ཚེས་༢ཉིན་དགེ་སློབ་ཡོངས་མཉམ་དུ་སློབ་འགོ་རྩོམ་པའི་སློབ་ཐུན་དང་བོ་འཚོགས་པ་དང་།
ཚེས་༣ཉིན་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་མཉམ་གཅིག་ཏུ་བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་བ་བསུས་ཤིང་། སློབ་མ་རྣམས་ཀྱིས་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་ནས་སྟོང་ལོ་གསར་བར་དགེ་སློབ་ཡོངས་སྤྲོ་སེམས་དང་ཡིད་ཆེས་ཀྱིས་ཡོངས་སུ་ཁེངས།
གསར་འགོད་པ། འབའ་སྣང་གྲོལ།
|