ཏང་གི་ཚོགས་ཆེན་བཅུ་དགུ་བ་སྤྲོ་བས་བསུས་པ།

རྩེ་ཁོག་རྫོང་གིས་སློབ་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་བསྡུས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་སྤྲོ་བས་བསུས།

   ཟླ༡༠པའི་ཚེས༡༢ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས“ཚོགས་ཆེན་བཅུ་དགུ་བ་སྤྲོ་བས་བསུ། བློ་རྩ་བརྟན་པོས་ཏང་རྗེར་སྙེག”ཞེས་པ་བརྗོད་གཞི་ཡིན་པའི་སློབ་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་བྱ་འགུལ་སྤེལ།  ཐེངས་འདིའི་བྱ་འགུལ་ལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་དང་སློབ་འབྲིང་གཉིས་པ་གཉིས་ཀྱི་འགྲན་རྩོད་པ30འགྲན་སྡུར་ལ་ཞུགས་ལ། སློབ་འབྲིང་གཉིས་ཀྱི་དགེ་སློབ༤༠༠༠ལྷག་གིས་ཐེངས་འདིའི་ཛ་དྲག་ཆེ་བའི་འགྲན་རྩོད་ལ་བལྟས།  འགྲན་ཞུགས་པ་ཚོས་རང་རང་གི་སྒྲ་དག་གསལ་གསུམ་གྱི་ངག་གི་ཁྱད་ཆོས་ལ་བརྟེན་ནས་ཚོར་བ་སྐྱེན་ལ་བརྩེ་དུང་ཕུན་སུམ་ཚོགས་པའི་སྙན་ངག་མང་པོ་གྱེར་འདོན་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་བདེ་བླགས་ངང་འཚོགས་པར་བསུ་བ་བྱས་པས། འགྲན་སྡུར་གྱི་ཡུལ་དངོས་ཧྲིལ་པོར་ཡང་དང་ཡང་དུ་དགའ་འབོད་དང་ཐལ་མོ་རྡེབ་སྒྲས་ཁྱབ།
རྣམ་པ་རྒྱ་ཆེ་བའི་སྙན་ངག་གྱེར་འདོན་འགྲན་སྡུར་འདིས་རྩེ་ཁོག་རྫོང་གི་མི་རིགས་སློབ་གསོའི་ལས་དོན་དེ་དུས་རབས་རང་བཞིན་གྱི་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ལ། རྒྱ་ཆེའི་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་ལ་ཡར་སྐུལ་གྱི་ནུས་པ་ཐོན་ཡོད། ཐེངས་འདིའི་བྱ་འགུལ་ནི་རྩེ་ཁོག་རྫོང་རིག་གནས་དཔེ་མཛོད་ཁང་གིས་གཙོ་སྒྲུབ་བྱས་ཤིང་བྱ་དགའི་མ་དངུལ་ལ་སྒོར ༡༨༠༠༠་༠༠ལྷག་བཏང་།  གསར་འགོད་པ་ཁྱུང་ཐར་རྒྱལ་གྱིས།

བྲོ་གར་གྱི་ཏང་གི་ཚོགས་ཆེན་བསུས་པ།

ཚོགས་རའི་ཡུལ་དངོས།

ཚོགས་རའི་ཡུལ་དངོས།

འགྲན་ཞུགས་པར་བྱ་དགའ་གནང་བ།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ། རྒྱ་འདུ་སངས་རྒྱས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-10-14 ལྟ་ཀློག (3466)