གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་གྲོལ་བ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་གྲོལ་བ།

    2017-10-6ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལུས་རྩལ་འགྲན་བསྡུར་སྐབས་ཉེར་གསུམ་པ་བསྟུད་མར་ཉིན་ལྔའི་རིང་འགྲན་བསྡུར་རབས་དང་རིམ་པ་བྱས་རྗེས་གཟའ་པ་སངས་ཉིན་བདེ་བླགས་ངང་མཇུག་བསྡུས་ཤིང་། ལུས་རྩལ་རྣམ་གྲངས་ལ། མཆོང་རྒྱུགས་འཕེན་གསུམ་དང་ཐག་ཐེག་སྤོ་ལོ། ལག་རྩལ་སྤོ་ལོ། བྱ་སྒྲོ་སྤོ་ལོ་སོགས་མང་དུ་ཡོད་པའི་ཁྲོད་འགྲན་ཞུགས་བྱས་པའི་འཛིན་གྲྭ་སོ་སོའི་ལུས་རྩལ་འགྲན་བསྡུར་བ་རྣམས་ལ་བྱ་དགའ་ཕུལ།

     ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ལུས་རྩལ་ནི་ལུས་ཕུང་བདེ་ཐང་གི་ཆེད་དུ་ཡིན་པར་མ་ཟད། མཐར་གཏུག་ན་སློབ་སྦྱོང་ལ་སྤྲོ་བ་འཕེལ་བའི་ཆེད་དུ་ཡིན་པ་སོགས་ཀྱི་སྤྱི་བསྡོམས་གསུང་བཤད་གལ་ཆེན་གནང་བ་དང་། དགེ་རྒན་གཅོད་པ་ཚེ་རིང་ལགས་ཀྱིས་ལོ་རེ་བཞིན་སྤེལ་བཞིན་པའི་སློབ་གླིང་གི་ལུས་རྩལ་འགྲན་བསྡུར་ཆེན་མོའི་འཕེལ་རིམ་དང་མ་འོངས་ཁ་ཕྱོགས་སྐོར་གསུང་བཤད་རབས་དང་རིམ་པ་གནང་སྟེ་ཐེངས་རྗེས་མའི་འགན་འཛིན་བསྐོ་བཞག་དང་བཅས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་མཇུག་བསྡུས་པ་རེད།

སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་གསུང་བཤད་གནང་བ།

ལུས་རྩལ་ཐང་དུ་འགྲན་བསྡུར་བྱེད་བཞིན་པ།

ལུས་རྩལ་འགྲན་བསྡུར་གྱི་ཡུལ་དངོས།

ལུས་རྩལ་འགྲན་བསྡུར་གྱི་ཡུལ་དངོས།

ལུས་རྩལ་འགྲན་བསྡུར་གྱི་ཡུལ་དངོས།

ལུས་རྩལ་འགྲན་བསྡུར་གྱི་ཡུལ་དངོས།

རྒྱལ་ཁའི་དར་ཆ།

གསར་འགོད་པ། ལྡོང་རུ་ཆོས་དུང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-10-07 ལྟ་ཀློག (3851)