ཤེས་རབ་བྱམས་བརྩེ་གླིང་གིས་ཤེས་རིག་གླིང་གི་ཇ་ཁང་འཐོར་ཞིག་ཏུ་སོང་བར་ཞལ་འདེབས་ཕུལ་བ།
སྤྱི་ལོ་༢༠༡༧ལོའི་སྤྱི་ཟླ་༩བའི་ཚེས་༨ཉིན་ཀན་སུའུ་ཞིང་ཆེན་མདོ་ལྷོའི་ས་ཁུལ་གྱི་ཤེས་རབ་བྱམས་བརྩེ་གླིང་གི་ཚོགས་མི་བདུན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཡོང་སྟེ་སློབ་གྲྭའི་ཇ་ཁང་འཐོར་ཞིག་ཏུ་སོང་བར་བསྐྱར་བཞེངས་ཞལ་འདེབས་དམངས་སྒོར་ཁྲི་གཉིས་ཕུལ།
ཤེས་རབ་བྱམས་བརྩེ་གླིང་གིས་སློབ་གྲྭ་ལ་ཞལ་འདེབས་འབུལ་བཞིན་པ།
དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་ཤེས་རབ་བྱམས་བརྩེ་གླིང་ལ་སློབ་གླིང་སོགས་ངོ་སྤྲོད་གནང་བཞིན་པ།
ཤེས་རབ་བྱམས་བརྩེ་གླིང་ནི་༢༠༡༥ལོར་དབུ་ཚུགས་ཤིང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པར་མ་ཟད་ལོ་རེར་ཤེས་རིག་གི་ཕྱོགས་ལ་རོགས་སྐྱོར་ཐེངས་གཉིས་རེ་བྱེད་བཞིན་པའི་ཚོགས་པ་ཞིག་ཡིན་པས་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་བསྟོད་བསྔགས་དང་བཀའ་དྲིན་ཆེ་ཞུ་བཞིན་ཡོད།