གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་མགོ་ལོག་ཁུལ་གྱི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་ཞལ་འདེབས་ཕུལ་བ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་མགོ་ལོག་ཁུལ་གྱི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་ཞལ་འདེབས་ཕུལ་བ།

       ༢༠༡༧ ལོའི་སྤྱི་ཟླ་༩ བའི་ཚེས་༦ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཉེ་ལམ་མགོ་ལོག་ཁུལ་རྨ་ཆེན་རྫོང་ཁོངས་སུ་རི་ཉིལ་དོན་རྐྱེན་བྱུང་བའི་གནས་ཚུལ་འོག་གཞུང་ལམ་དང་དུད་ཁྱིམ་གཅིག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པར་ས་ཕྱོགས་སོ་སོ་ནས་གདུང་སེམས་མཉམ་བསྐྱེད་ཆེད་བསྔོ་བ་སྨོན་ལམ་དང་རོགས་སྐྱོར་གནང་སྦྱིན་བྱས་དང་བྱེད་མུས་སུ་མཆིས་པ་ལྟར།  ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་གནོད་ཐེབས་ཁྱིམ་ཚང་ལ་རང་མོས་སྒོས་ཞལ་འདེབས་འབུལ་བའི་རོགས་དངུལ་བསྡུ་ལེན་བྱས།  རོགས་དངུལ་ཞལ་འདེབས་མ་བསྡུས་པའི་སྔོན་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱེད་པོ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་ཐེངས་འདིར་ང་ཚོས་རི་ཉིལ་དོན་རྐྱེན་བྱུང་བའི་གནོད་ཐེབས་ས་ཁུལ་ལ་རང་མོས་སྒོས་ཞལ་འདེབས་བསྡུ་ལེན་བྱ་རྒྱུ་ཡིན་མོད།   ཞལ་འདེབས་ནི་ལྷག་བསམ་རྣམ་དག་དང་ཀུན་སློང་གཙང་མས་སྒོ་ནས་འབུལ་རྒྱུ་ཧ་ཅང་གལ་ཆེ་བས་མི་སུ་དང་གང་ལ་མཚོན་ནའང་།  མང་བོའི་ཁྲོད་དུ་རང་ཉིད་ཀྱི་ཆེ་འདོད་གྲགས་འདོད་ཀྱི་ཀུན་སློང་ངན་པས་ཞལ་འདེབས་མང་བོ་ཕུལ་ཡང་དགོས་པ་ཆེར་མེད་པ་མ་ཟད་རང་ཉིད་ངན་སོང་དུ་ལྟུང་བའི་རྒྱུ་རུ་འགྱུར་ཉེན་ཆེ་བ་དང་། སྒོར་གཅིག་ཕུལ་ཡང་ཀུན་སློང་གཙང་མས་ཕུལ་བ་ཡིན་ན་ཕན་ཐོགས་བླ་མེད་འབྱུང་བ་སོགས་ཀྱི་ལམ་སྟོན་བསླབ་བྱ་གནང་སྟེ་ཞལ་འདེབས་བསྡུ་ལེན་བྱས་རྗེས་དམངས་སྒོར་༡༡༧༤༥ ལྷག་རོགས་སྐྱོར་ཞལ་འདེབས་སུ་ཕུལ།

སློབ་བུ་རྣམས་ཀྱིས་སློབ་དཔོན་མཆོག་གི་བཀའ་སློབ་ལ་གསན་བཞིན་པ།

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཞལ་འདེབས་འབུལ་བཞིན་པ།

སློབ་གཙོ་གཞོན་པ་གཅོད་པ་ཚེ་རིང་ལགས་ཀྱིས་ཞལ་འདེབས་འབུལ་བཞིན་པ།

དགེ་རྒན་རྣམས་ཀྱིས་ཞལ་འདེབས་འབུལ་བཞིན་པ།

སློབ་བུ་རྣམས་ཀྱིས་ཞལ་འདེབས་འབུལ་བཞིན་པ།

སློབ་བུ་རྣམས་ཀྱིས་ཞལ་འདེབས་འབུལ་བཞིན་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་དུ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-09-06 ལྟ་ཀློག (3384)