ལོ་ན་༡༣ཅན་གྱི་སློབ་ཆེན་སློབ་མ་ཞིག་གི་ངོ་མཚར་བའི་སློབ་འབྲས།

ལོ་ན་༡༣ཅན་གྱི་སློབ་ཆེན་སློབ་མ་ཞིག་གི་ངོ་མཚར་བའི་སློབ་འབྲས།


    ལོ་རེའི་སྤྱི་ཟླ་8པའི་ཚེས་25ཉིན་ནི་ཀྲེ་ཅང་སློབ་ཆེན་གྱི་གསར་ཞུགས་སློབ་མའི་མིང་ཐོ་འགོད་པའི་ཉིན་མོ་རེད། ད་ལོ་སྟེ་༢༠༡༧ལོར་མིང་ཐོ་བཀོད་པའི་གསར་ཞུགས་སློབ་མའི་ཁྲོད་དུ་ལོ་བཅུ་བདུན་མན་གྱི་སློབ་མ་ཅུང་མང་།  ལྷག་ཏུ་གླེང་རན་ཡོད་པ་ཞིག་ནི་དེ་དག་གི་ཁྲོད་ལས་ལོ་ན་ཆེས་ཆུང་བ་ནི་ཉིན་བཅུའི་ཡར་སྔོན་ཏག་ཏག་ཏུ་ལོ་བཅུ་གསུམ་ལོན་པའི་སྐྱེས་སྐར་རོལ་བའི་བུ་མོ་ཆུང་ཆུང་ཞིག་རེད།

      རྒྱུས་ལོན་བྱས་པ་ལྟར་ན་མོ་ནི་ཉེ་བའི་ལོ་འདི་དག་རིང་ཀྲེ་ཅང་སློབ་ཆེན་གྱིས་བླངས་པའི་ལོ་ན་ཆེས་ཆུང་བའི་སློབ་མ་ཡིན་པར་གྲགས།

བུ་མོ་ཆུང་ཆུང་འདི་ལོ་དྲུག་གི་སྟེང་སློབ་ཆུང་འགྲིམ་སྟེ་ལོ་བདུན་གྱི་སྟེང་དམའ་འབྲིང་དུ་ཞུགས།


སློབ་འབྲས་ཕུལ་བྱུང་གི་བྱ་དགའ་ལེན་བཞིན་པ།

     ལོ་དགུའི་སྟེང་ཀོང་ཏུང་ཀྲེ་ཅང་གྲོང་ཁྱེར་ཡོངས་ལས་ཨང་13པའི་རྒྱུགས་འབྲས་བླངས་ཏེ་གྲོང་ཁྱེར་དེ་གའི་མཐོ་འབྲིང་དུ་ཞུགས། ལོ་བཅུ་གཉིས་སྟེང་མཐོ་རྒྱུགས་སུ་ཞུགས་ཏེ་སྐར་མ་620ཡི་རྒྱུགས་འབྲས་བླངས་ཏེ་ད་ལོར་དངོས་སུ་ཀྲེ་ཅང་སློབ་ཆེན་དུ་ཞུགས།

     བུ་མོ་ཆུང་ཆུང་འདིའི་མིང་ལ་ཁྲིན་ཧྲུའུ་དབྱིང་(陈舒音)ཟེར་ཞིང་མོའི་སྦྱང་འབྲས་ཡིས་མོ་གང་དུ་སོང་ཡང་སློབ་གྲྭ་དེ་གའི་སྐར་ཆེན་གཅིག་པུར་གྱུར་འགྲོ།

མོའི་གཡས་གཡོན་གྱི་མི་ཚང་མས་མོ་ལ་ལྷ་མོ་རུ་འབོད་པ་ཡོད་མོད།

     ཡིན་ནའང་མོ་དང་མོའི་ཕ་མས་གྲུབ་འབྲས་འདི་འདྲ་ཞིག་ལེན་ཐུབ་པ་ནི་དགེ་རྒན་དང་སྦྱང་བརྩོན་གྱིས་བཀའ་དྲིན་ཡིན་པ་ལས་རང་སྟོབས་ཀྱི་ཁྱད་ནུས་སུ་གཏན་ནས་འདོད་ཀྱིན་མེད།

     མོ་ན་རེ། ང་ཁྱད་པར་བ་ཞིག་ཡིན་སྣང་གཏན་ནས་སྐྱེས་མ་མྱོང། ངས་གྲུབ་འབྲས་འདི་འདྲ་ཞིག་ལེན་ཐུབ་པ་ནི་དགེ་རྒན་གྱི་བཀའ་དྲིན་རང་ལས་མ་འདས་བཅས་བཤད་པ་དང་། མོའི་ཕ་མས་ཀྱང་ཐ་ན་གསབ་སྦྱོང་འཛིན་གྲྭ་དང་ཁྱིམ་ཚང་རང་ནས་ཕ་མས་ཟུར་ཁྲིད་ཙམ་ཡང་བྱ་མྱོང་མེད་པར་བཤད།

     མོས་རང་ཉིད་ཞིབ་འཇུག་གི་ལམ་བུར་ཞུགས་རྒྱུའི་འཆར་གཞི་འཐེན་ཟིན་ལ་མོའི་ཨ་ཕས་མོ་རང་སྤྱི་ཚོགས་དང་མིའི་རིགས་ལ་ཕན་ཐོགས་མཁན་ཞིག་ཏུ་གྱུར་ན་ཅི་ཞིག་སློབ་རུང་འཐད་པ་ཡིན་ཚུལ་བཤད་འདུག

རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་གྱིས་བསྒྲིགས་བསྒྱུར་བྱས།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-08-29 ལྟ་ཀློག (5018)