མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐོ་རིམ་བགྲོ་གླེང་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་འཚོགས་པ།

སྤྱི་ལོ་༢༠༡༧ལོའི་སྤྱི་ཟླ་༧ཚེས༡༧ཉིན་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐོ་རིམ་བགྲོ་གླེང་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་ཉིན་གཉིས་ཀྱི་རིང་གཟབ་རྒྱས་ངང་འཚོགས་ཤིང་།
ཚོགས་ཐོག་ཏུ་ཧི་མ་ལ་ཡ་ཚད་ཡོད་མཐུན་གཉེར་ཁང་། ཨ་མདོ་ཡུལ་སྐོར་མཐུན་གཉེར་ཁང་། ཚོ་ཤོག་གསར་བ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་སོགས་བོད་མདོ་དབུས་ཁམས་གསུམ་གྱི་མཐུན་གཉེར་ཁང་གི་འཐུས་ཚབ་པ་དང་ཁེ་ལས་པ་བརྒྱ་ཕྲག་ལྷག་མཉམ་དུ་འཛོམས་པར་མ་ཟད། བོད་ཀྱི་རི་ཆུ་རིག་གནས་ཞིབ་འཇུག་པ་ཆེན་མོ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་།
བོད་ཀྱི་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན། བོད་ཀྱི་རྩོམ་པ་པོ་དང་ཁེ་ལས་བ་གྲགས་ཅན་སངས་རྒྱས་རྒྱ་མཚོ། ཚོང་ལས་ཡར་སྐུལ་ཚོགས་པའི་དྲུང་ཡིག་ཆེན་མོ་དང་བོད་ཀྱི་མཛེས་བཟོ་འཆར་འགོད་པ་སྐུ་ཞབས་ཏུང་ལེན།
རི་མོ་བ་གྲགས་ཅན་གསེར་བྲག་དོན་གྲུབ་ཚེ་བརྟན། མཚོ་སྔོན་ཧྲིན་པོ་དཔའ་ཁེང་ཚོང་དོན་ཞབས་ཞུ་ཚད་ཡོད་མཐུན་གཉེར་ཁང་གི་སྤྱིའི་འགན་འཛིན་པ་བཱང་ཞིན་ཉིན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དམངས་དོན་འདྲི་གཅོད་ཁང་གི་ཁྲིམས་དཔོན་མཱ་ཀོས་ཁྲིན་བཅས་ཀྱིས་ཚོགས་འདུའི་དགོངས་དོན་དང་འབྲེལ་ནས་གཏམ་བཤད་གལ་ཆེན་གནང་ཞིང་། ཚོགས་མི་སོ་སོས་ཀྱང་རང་རང་གི་བསམ་ཚུལ་ལྷུག་བརྗོད་གནང་སྟེ་གྲོས་ཀ་གཅིག་གྱུར་བྱས་ཤིང་། ཟི་ལིང་གྲོང་ཁྱེར་དུ་བོད་ས་ཁུལ་གྱི་ཚད་མཐོའི་ཚོང་ར་ཆེན་མོ་ཞིག་གསར་འཛུགས་བྱ་རྒྱུར་གྲོས་ཐག་བཅད་མཐར་གྲ་སྒྲིག་ཚོ་ཆུང་ཞིག་གསར་འཛུགས་གནང་བ་བཅས་ཐེངས་འདིའི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྡུས་པ།
ལས་གཞི་མཉམ་འབྲེལ་གྱི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བ།
ཚོགས་འདུའི་ཡུལ་དངོས་སུ་གཏམ་བཤད་ལ་ཉན་བཞིན་པ།
ཚོང་ར་ཆེན་མོ་གསར་འཛུགས་བྱ་ཡུལ་དུ་གཟིགས་ཞིབ་གནང་བ།
ཚོང་རའི་བཟོ་བསྐྲུན་ཇུས་འགོད་སྐོར་ངོ་སྤྲོད་གནང་བ།
ཉིན་གཉིས་པའི་ཚོགས་འདུ་ཨཱརྱ་རྒྱལ་སྤྱིའི་མགྲོན་ཁང་དུ་འཚོགས་པ།
ཚོང་ལས་ཡར་སྐུལ་ཚོགས་པའི་དྲུང་ཡིག་ཆེན་མོ་ཏུང་ལེན་ལགས་ཀྱིས་ཚོགས་འདུར་འགོ་འཛིན་གནང་བ།
ཚོགས་ཞུགས་པས་མཉམ་དུ་བསྐྱོན་པའི་འདྲ་པར།
ཐེངས་འདིར་ཚོང་ར་གསར་འཛུགས་བྱ་རྒྱུར་གྲོས་ཐག་བཅད་མཐར་གྲ་སྒྲིག་ཚོ་ཆུང་གསར་འཛུགས་གནང་བ།
|