ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་མཐོ་རིམ་སློབ་འབྲིང་གིས་སྐབས་གསུམ་པའི་གསེར་སྨྱུག་འཁྱུག་འགྲོས་ཞེས་པའི་ལྷུག་རྩོམ་འགྲན་སྡུར་སྤེལ།

[བོད་ཁུལ་སློབ་རའི་གསར་འགྱུར།]
༄༅།།སྤྱི་ལོ་༢༠༡༧ལོའི་ཟླ་༥པའི་ཚེས་༡༨ཉིན་རྨ་ཆུ་རྫོང་བོད་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་གི་བོད་ཡིག་ཁྲིད་དཔྱོད་ཁང་གིས་སྐབས་གསུམ་པའི༼གསེར་སྨྱུག་གི་འཁྱུག་འགྲོས༽ཞེས་པའི་ལྷུག་རྩོམ་འགྲན་སྡུར་གྱི་བྱ་འགུལ་སྤེལ།

ད་ཐེངས་སྐབས་སྔོན་མ་དག་དང་མི་འདྲ་བར་འཛིན་གྲྭ་གཅིག་ནས་སློབ་གྲོགས་གསུམ་རེ་སྟེ་ཁྱོན་སྡོམ་སློབ་གྲོགས54འགྲན་སྡུར་ལ་ཞུགས།

སློབ་མའི་རྩོམ་ཡིག
མཇུག་མཐར་དཔྱད་འདེམ་དགེ་རྒན་དག་གི་བློ་རིག་ཚངས་པའི་ཐིག་ཤིང་གིས་གཞལ་ཏེ་མཐོ་གསུམ་འཛིན་གྲྭ་དང་པོའི་སློབ་གྲོགས་རབ་བརྟན་རྡོ་རྗེ་ལ་བྱ་དགའ་ཨང་དང་པོ་དང་། མཐོ་གསུམ་གསུམ་པའི་སློབ་གྲོགས་པདྨ་རིག་འཛིན་དང་མཐོ་གཉིས་དང་པོའི་སློབ་གྲོགས་སྐྱིད་འཛོམས་གཉིས་ལ་བྱ་དགའ་ཨང་གཉིས་པ།མཐོ་གསུམ་གཉིས་པའི་སློབ་གྲོགས་སྔགས་བཟའ་སྐྱིད་དང་མཐོ་གསུམ་ལྔ་བའི་སློབ་གྲོགས་བློ་བཟང་སྒྲོལ་མ། མཐོ་གསུམ་གསུམ་པའི་སློབ་གྲོགས་བདེ་ལེགས་བཅས་ལ་བྱ་དགའ་ཨང་གསུམ་པ་བཅས་སློབ་གྲོགས་ཉི་ཤུ་ལ་བྱ་དགའི་རྟགས་མ་དང་གཟིགས་བཟོས་དངོས་པོ་སོགས་ཕུལ་ནས་སླད་མར་ཀྱང་རྩོམ་རིགས་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་ལ་ཤུགས་རྒྱག་དགོས་པའི་སྐུལ་མ་བཏང་ཡོད།






འཕྲིན་གཏོང་བ། ཀྱེ་ཕུར་མཆོག་གསུམ།
|