མཚོ་ལྷོ་མང་རྫོང་དུ་ཡིག་རིས་པར་ལེན་མཐུན་ཚོགས་གསར་དུ་ཚུགས་པ།

མཚོ་ལྷོ་མང་རྫོང་དུ་ཡིག་རིས་པར་ལེན་མཐུན་ཚོགས་གསར་དུ་ཚུགས་པ།

 

  ༢༠༡༧ལོའི་སྤྱི་ཟླ་༥་བའི་ཚེས་༥ཉིན་མཚོ་ལྷོ་ཁུལ་མང་རྫོང་བྱམས་བརྩེ་སློབ་གླིང་དུ་མང་རྫོང་མི་རིགས་རིག་གནས་ཡིག་རིས་པར་ལེན་མཐུན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་བསྡུས། ཚོགས་འདུའི་སྟེང་ཆེད་ཕེབས་ཀྱི་མི་སྣ་གཙོ་བོ་མང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་དང་།

རྫོང་དྲིལ་སྒྲོག་པུའུ། རྫོང་རིག་གནས་ཅུའུ།  རྫོང་སློབ་གསོ་ལྟ་སྐུལ་པུའུ། རྫོང་སློབ་གསོ་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་སོ་སོའི་འགོ་ཁྲིད་ཁག་ཅིག་དང་བོད་ཀྱི་རྩོམ་པ་བོ་སྐུ་ཞབས་སྟག་འབུམ་རྒྱལ་དང་། ལོ་རྒྱུས་ཞིབ་འཇུག་པ་སྐུ་ཞབས་གངས་འཚོ།    མང་རྫོང་མངའ་ཁོངས་ཀྱི་སློབ་གྲྭ་སོ་སོའི་སློབ་གཙོ་སོགས་ཆེད་ཕེབས་ཀྱིས་ཚོགས་འདུར་ཞུགས་ཤིང་། ཚོགས་ཐོག་ཏུ་མང་རྫོང་མི་རིགས་རིག་གནས་ཡིག་རིས་པར་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་གཙང་གཡང་འབུམ་ལགས་ཀྱིས་མཐུན་ཚོགས་ཚུགས་པའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་ཞིང་།  ། སློབ་གསོ་ལྟ་སྐུལ་ཁང་གི་འགོ་གཙོ་ཚོང་པོ་ལགས་ཀྱིས་མཐུན་ཚོགས་འདི་ནི་གོང་རིམ་འགོ་ཁྲིད་དག་གི་རྒྱབ་སྐྱོར་འོག་ཚུགས་ཟིན་པས་མ་འོངས་པར་སྒྱུ་རྩལ་གྱི་ལམ་དུ་མང་རྫོང་མི་རིགས་རིག་གནས་ལ་ཞབས་འདེགས་ཞུ་དགོས་པའི་གལ་ཆེན་རང་སྐོར་གྱི་གཏམ་བཤད་གནང་བ་དང་། 

རྫོང་དཔོན་གཞོན་པ་སྐུ་ཞབས་འབྲུག་འབུམ་རྒྱལ་ལགས་ཀྱིས་མཐུན་ཚོགས་འདི་དབུ་བརྙེས་པ་ནི་མང་རྫོང་རིག་གནས་འཕེལ་རྒྱས་ཁྲོད་དགའ་འོས་པའི་དོན་བཟང་ཞིག་ཏུ་ངོས་འཛིན་གནང་ཆོག   མ་འོངས་པར། འདིར་ཆེད་ཞུས་སློབ་གཙོ་རྣམས་དང་སྲིད་གཞུང་གི་འགོ་ཁྲིད། མཐུན་ཚོགས་ཀྱི་ཚོགས་མི་སོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་སྒོས་སློབ་སྔོན་སློབ་གསོའི་ཡི་གེ་འབྲི་སྟངས་ནས་འགོ་བརྩམས་ཏེ་ཡི་གེ་བྲིས་རིས་སོགས་ཡར་རྒྱས་སུ་གཏོང་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་།

རྗེས་སུ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ་དང་ཡིག་གཟུགས་དང་པར་ལེན་སྒྱུ་རྩལ། དངོས་བྲིས་རི་མོ་སོགས་ཀྱི་བརྩམས་ཆོས་འགྲེམས་སྟོན་བྱས་པར་གཟིགས་ཞིབ་གནང་བ། ཡིག་མཁན་དག་གིས་ཡུལ་ངོས་སུ་ཕྱག་བྲིས་སྣ་ཚོགས་གནང་བ་སོགས་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཨ་མདོ་བརྙན་འཕྲིན་ཁང་། མཚོ་ལྷོ་བརྙན་འཕྲིན་ཁང་།  མང་རྫོང་བརྙན་འཕྲིན་ཁང་སོགས་ཆེད་ཕེབས་ཀྱིས་རྒྱུས་ལོན་བྱས་ཏེ་དྲིལ་བསྒྲགས་བྱས་པ་སོགས་ཀྱིས་ཚོགས་འདུ་བདེ་བླག་ངང་མཇུག་བསྡུས་སོ།།

 ཚོགས་གཙོ་ཟུར་གཙང་གཡང་འབུམ་གྱིས་མཐུན་ཚོགས་ངོ་སྤྲོད་གནང་བ།

རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་གྱིས་གསུང་བཤད་གནང་བ།

ཡིག་མཁན་རྣམས་ཀྱིས་དངོས་སུ་ཕྱག་བྲིས་གནང་བཞིན་པ།

བརྩམས་ཆོས་ལ་གཟིགས་ཞིབ་གནང་བ།

བརྩམས་ཆོས་འགྲེམ་སྟོན་ཁང་གི་ཡུལ་ངོས།

བརྙན་འཕྲིན་ཁང་སོ་སོས་ཡུལ་དངོས་ལ་རྒྱུས་ལོན་བྱེད་ཀྱིན་པ།

རི་མོ་བ་ཆུང་ཆུང་ཀུ་ལ་ཡག་ལ་འགོ་ཁྲིད་ཀྱིས་སེམས་ཤུགས་བསྩལ་བ།

ཚོགས་ཞུགས་མི་སྣས་མཉམ་དུ་བསྐྱོན་པའི་འདྲ་པར།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-05-05 ལྟ་ཀློག (6021)