ཐོན་མིའི་སློབ་གསོའི་དགོངས་དོན་དང་ལག་ལེན་ཞེས་པའི་​འཆད་ཁྲིད་གནང་བ།

 ཐོན་མིའི་སློབ་གསོའི་དགོངས་དོན་དང་ལག་ལེན་ཞེས་པའི་འཆད་ཁྲིད་གནང་བ། 

    དེ་རིང་སྟེ་ཟླ་འདིའི་ཚེས་༢༣གྱི་དགོང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་རིག་གནས་ཞིབ་འཇུག་བརྗེ་རེས་ལྟེ་གནས་ཀྱིས་ཆེད་ཞུས་གནང་བ་བཞིན་སློབ་དཔོན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་གིས་རང་སློབ་གླིང་གི་དགེ་སློབ་སྟོང་ཕྲག་ལྷག་ལ་༼ཐོན་མིའི་སློབ་གསོའི་དགོངས་དོན་དང་ལག་ལེན༽ཞེས་པའི་བརྗོད་གཞིའི་སྟེང་ནས་བཀའ་སློབ་ལམ་སྟོན་གནང་། དེ་ཡང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལོ་འཁོར་ཉི་ཤུ་འཁོར་བའི་སྟེང་དུ་ཐོན་མིའི་སློབ་གསོའི་ཕྱག་ལས་ཀྱི་འགོ་བརྩམས་ཚུལ་དང་། ཐོན་མིའི་སྐུ་བརྙན་བཟོ་སྟངས་གཅིག་གྱུར་མིན་པའི་ཞིབ་འཇུག་བརྒྱུད་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་འབུམ་གླིང་གི་སྐུ་བརྙན་གསར་བཞེངས་གནང་ཚུལ།  ཐོན་མིའི་སྐུ་ཡུལ་དངོས་ལ་ཞིབ་འཇུག་ཏུ་བསྐྱོད་ནས་སྐུ་ཡུལ་དངོས་ངོས་ཟིན་ཚུལ།  སློབ་དཔོན་ཐོན་མིའི་མ་ཡུམ་དང་མཚན་གྱི་རྣམ་གྲངས།  རུས་རྒྱུད་སོགས་ལ་དཔྱད་པ། ཐོན་མིའི་བོད་ཡིག་གསར་བཟོ་དང་གསུང་ཆོས་ཀྱི་ཕྱོགས།   བོད་རང་གི་དགེ་རྒན་དུས་ཆེན་ལ་དགོངས་འཆར་བཏོན་པ།  ཐོན་མིའི་སློབ་གསོའི་དགོངས་དོན་དང་ཐབས་ལམ་སོགས་ཕྱོགས་མང་བོ་ནས་བཀའ་སློབ་གཏིང་ཟབ་པ་གནང་ངོ་།། 

སློབ་དཔོན་རིན་པོ་ཆེས་བཀའ་སློབ་གནང་བཞིན་པ། 

དགེ་སློབ་ཡོངས་ཀྱིས་བཀའ་སློབ་ལ་ཉན་པ། 

གསར་འགྱུར་གྱི་རྒྱུ་ཆ་མཁོ་འདོན་པ་དགེ་རྒན་རུ་མང་འཕྲིན་ལས་ཡིན། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-04-24 ལྟ་ཀློག (3258)