རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ།

 རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ།

མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གཙོ་སྒྲུབ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་ལས་གཉེར་ཚན་ཆུང་གིས་རོགས་སྒྲུབ་མཛད་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་བོ་2017ལོའི་ཟླ4བའི་ཚེས15ཉིན་ནས་ཚེས་16བར་མཚོ་སྔོན་མི་རིགས་སློབ་ཆེན་དུ་འཚོགས། མ་ཚད་ལོ་རེའི་ཟླ་བ་4བའི་ཚེས་30ཉིན་དེ་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འཁེལ་བྱས་སོང་། ཐེངས་འདིའི་ཚོགས་འདུའི་བརྗོད་བྱ་ནི་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་རྒྱུན་འཛིན་དང་། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་རྒྱ་ཆེར་དར་སྤེལ་གཏོང་བ་ཞེས་པ་ཡིན་ལ།  དེར་བརྟེན་ནས་བོད་ཀྱི་ཡིག་གཟུགས་ཀྱི་གྲུབ་འབྲས་སྔོག་འདོན་དང་འགྲེམ་སྟོན་བྱེད་པ་དང་། སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་སྣ་དང་སློབ་ཆེན་ཁག་གི་དགེ་སློབ་རྣམས་ཀྱིས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་སྐུལ་མ་གཏོང་བ། མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁན་པོ་རྣམས་ཀྱིས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་གནས་བབས་དང་མ་འོངས་པའི་ཁ་ཕྱོགས་ལ་དཔྱད་གླེང་དང་བསམ་བློ་བརྗེ་རེས་བྱེད་པ་བཅས་ནི་ཚོགས་འདུ་འདིས་མཚོན་པའི་དམིགས་ཡུལ་ཡིན་ནོ།།

བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་དངོས་སུ་འཚོགས་པ།

ཚོགས་འདུའི་ཡུལ་དངོས།

ཚོགས་ཞུགས་མི་སྣ།

ཡིག་གཟུགས་འགྲེམས་སྟོན་ཡུལ་དངོས།

ཡིག་གཟུགས་འགྲེམས་སྟོན་ཡུལ་དངོས།

ཡིག་གཟུགས་འགྲེམས་སྟོན་ཡུལ་དངོས།

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དེ་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས་ཤིང་བོད་མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་ཚོས་ཨ་ནུ་ཡིག་ཆས་སྤྱད་དེ་ཡིག་གཟུགས་འབྲི་བའི་རྣམ་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-16 ལྟ་ཀློག (7585)