བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།

 

 བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན། 

   གསར་འགོད་པ།  འབའ་སྣང་གྲོལ། 

   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གསེར་རྟ་བླ་རུང་སྒར་གྱི་མཁན་ཆེན་དམ་པ་བསོད་དར་རྒྱས་ཀྱིས་གདན་ཞུས་ལྟར་བྲག་འགོའི་ཕྱོགས་སུ་ཕེབས་ཏེ། ༢༠༡༧ ལོའི་ཟླ་༤ཚེས་༧ཉིན་༡༠ཉིན་མཁན་ཆེན་མཆོག་གིས་གསར་འཛུགས་གནང་བའི་ལི་ཁོག་ཤེས་རབ་བྱམས་བརྩེའི་སློབ་གླིང་དུ་སློབ་གྲྭ་གསུམ་གྱི་དགེ་སློབ་ཉིས་སྟོང་ལྷག་ལ། དགེ་སློབ་འོས་འགན་སློབ་གསོ་ཞེས་པའི་བརྗོད་གཞིའི་སྟེང་ནས་ཆུ་ཚོད་ལྔ་ལྷག་ལ་འཆད་ཁྲིད་དང་དྲི་བ་དྲིས་ལན་གནང་ཞིང་།  ཕྱི་དྲོར་མཁན་ཆེན་མཆོག་གིས་བཙུགས་པའི་དགེ་བསྙེན་གླིང་དུ་ཕེབས་ནས་ཆོས་ཁྲིད་དང་ལམ་རིམ་སྨོན་ལམ་སོགས་ཀྱི་ལུང་གནང་རྗེས་སློབ་ཆུང་ལ་གཟིགས་སྐོར་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་འདུག   བོད་ཀྱི་དམ་པ་རྣམ་གཉིས་ཀྱི་ད་རེབ་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན་སྐྱོང་ལུགས་འདི་ནི་བོད་གངས་ཅན་གྱི་ཆོས་རྒྱུད་གྲུབ་མཐའ་ཁག་ལ་མིག་དཔེ་གསར་བ་ཞིག་བསྟན་ཡོད་པས་དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ཀྱང་"མཁན་པོ་བསོད་དར་རྒྱས་ཀྱིས་གཟུར་གནས་དང་ཡོན་ཏན་ཅན་གོང་དུ་བཀུར་ཕོད་པའི་ཐུགས་རྒྱ། ལྡོང་ཡོན་ཏན་རྒྱ་མཚོའི་ལྷག་བསམ་དང་སྨྲ་ལྕེ། ཤེས་ལྡན་མང་བོའི་རེ་བ་དང་དུང་བ་རྣམས་གནས་འདི་ནས་ལྷན་དུ་འཛོམས་པ་ལ་རྟེན་འབྲེལ་ཞུ། "ཞེས་བསྔགས་བརྗོད་གནང་འདུག་གོ།       

དམ་པ་རྣམ་གཉིས་མཇལ་འཛོམས་གནང་བ། 

མཁན་ཆེན་བསོད་དར་རྒྱས་མཆོག་གིས་འཆད་ཁྲིད་ཀྱི་མདོ་འཛིན་གནང་བཞིན་པ། 

འཆད་ཁྲིད་ཀྱི་ཚོགས་རའི་རྣམ་པ། 

ཧ་ཅང་གུས་ཆུང་གི་སྤྱོད་པ་ལ་གནས་པའི་མཁན་ཆེན་མཆོག་གིས་འཆད་ཁྲིད་ཟིན་བྲིས་འདེབས་པ། 

དམ་པ་རྣམ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཉམ་པར།

སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱི་མཉམ་པར་དྲན་རྟེན། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-04-10 ལྟ་ཀློག (8240)