གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་སྐབས་སོ་ལྔ་བའི་ཤེས་རིག་འགྲན་གླེང་།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་སྐབས་སོ་ལྔ་བའི་ཤེས་རིག་འགྲན་གླེང་།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ།

     དེ་རིང་སྟེ་སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་སློབ་སྐབས་གསར་བའི་ཐེངས་དང་བོའི་ཤེས་རིག་འགྲན་གླེང་སྐབས་སོ་ལྔ་བ་གཟབ་རྒྱས་ངང་སློབ་གྲྭའི་ཚོམས་ཆེན་དུ་འཚོགས་ཤིང་།  དགེ་རྒན་མཁའ་སྤྱོད་དབང་མོ། ཡེ་ཤེས་ཆོས་སྒྲོལ། དབང་ཆེན་མཚོ་གསུམ་གྱིས་དབུས་སྐད་དང་ཨམ་སྐད། ཁམས་སྐད་བཅས་ཀྱི་མདོ་འཛིན་བྱས་ཤིང་རང་སློབ་གྲྭའི་གླུ་མ་སྐོར་ཞིག་གིས་གླུ་དང་གླུ་དབྱངས་བླངས། འགྲན་གླེང་ལ་<<དྲིས་ལན་མུན་སེལ་སྒྲོན་མེ་དང་། >><<གབ་ཚིག་འཕྲུལ་གྱི་ལྡེ་མིག>><< ཚིག་སྒྲིག་གཙང་བོ་དལ་འབབ།>> <<ཕ་སྐད་གཙང་མའི་འགྱུར་ཁུགས།>><<རྩོད་ལན་རིག་པའི་རྩེད་འཇོ་>>སོགས་ཀྱི་འགྲན་སྡུར་བརྒྱུད་ནས་འཛིན་གྲྭ་སོ་སོའི་སློབ་མའི་ཕྱོགས་ཡོངས་ཀྱི་འཇོན་ནུས་སྔོག་འདོན་དང་འཕེལ་རྒྱས་གཏོང་བའི་རང་སློབ་གྲྭའི་སློབ་གསོའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་ཐེངས་འདིར་འགྲན་སྡུར་དུ་ཞུགས་པའི་སློབ་མ་ཚོའི་གོ་རིག་ཟུང་འབྲེལ་གྱིས་དགེ་སློབ་ཡོངས་ལ་སྔ་ན་མེད་པའི་ཡིད་ཆེས་དང་སྤོབས་སེམས་བསྩལ།


དགེ་སློབ་ཡོངས་ཀྱིས་གཟབ་ནན་གྱིས་འགྲན་གླེང་ལ་གཟིགས་བཞིན་པ།


དབུས་སྐད་དང་ཨམ་སྐད། ཁམས་སྐད་གསུམ་གྱི་མདོ་འཛིན་བྱེད་ཀྱིན་པ།


སྤྲོ་སེམས་འཁོལ་བའི་དགའ་བསུ།


འགྲན་གླེང་ཚོམས་ཆེན་ཁང་།


གླུ་མ་ལས་དབང་ལྷ་མོས་གཞས་གཏོང་བཞིན་པ།


འགྲན་གླེང་ལ་ལྟ་བཞིན་པ།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ་དཀར་མོ་ཡེ་ཤེས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-03-31 ལྟ་ཀློག (5310)