འཛམ་གླིང་གི་ཨ་མ་རྒན་ཤོས།

འཛམ་གླིང་གི་ཨ་མ་རྒན་ཤོས།

 སྤྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༤ ཉིན།

ཨི་ཊ་ལི་(Italy) ཡི་ལོ་ ༡༠༡ ཅན་གྱི་བུ་མེད་ཨ་ན་ཊོ་ལེ་ཡ་ བེར་ཊ་ཊེལ་ལ་(Anatolia Vertadella) ལ་སྤྱི་རྒྱ་ ༩ ཅན་གྱི་བྱིས་པ་ཞིག་སྐྱེས།

ལོ་ན་མཐོ་བའི་བུད་མེད་དེའི་བདེ་ཐང་སླད་ཆེད་ལས་སྨན་པས་གཤག་བཅོས་བྱས་ཏེ་བྱིས་པ་སྐྱེས་པར། "སྨན་ཁང་གི་ཆེད་ལས་སྨན་པ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་"མོར་མིག་ཆུ་བཞུར་བཞིན་"ངས་བྱིས་པ་ ༡༧ པ་འདི་བདེ་ལེགས་ངང་སྐྱེས་ཐུབ་པར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། འདི་ནི་དོན་ངོ་མའི་འཇིག་རྟེན་བཀོད་པ་པོའི་ནུས་སྟོབས་དང་བྱིན་རླབས་ཀྱི་མཚན་མ་ཞིག་རེད་"ཅེས་གསར་འགོད་པར་བཤད། "ལོ་མང་པོ་ཞིག་ལ། ངས་དཀོན་མཆོག་ལ་སྨོན་ལམ་བཏབ་པ་འབྲས་མེད་དུ་གྱུར་སོང་སྙམ་མྱོང་སྟེ། ལོ་ ༤༨ ནས་བཟུང་སྟེ་ཁམས་དམར་གྱི་སྣོད་ལ་སྐྲན་ནད་(cancer) བྱུང་ནས། ད་བར་རིགས་རྒྱུད་སྤེལ་ཐུབ་མ་སོང་།"

"ངའི་བསམ་པར་དུས་ཡུན་རིང་པོ་ཞིག་ལ་དཀོན་མཆོག་གིས་ང་ལ་བྱིས་པ་ ༡༦ ལས་སྐྱེས་མི་ཆོག་པའི་ཉེས་པ་བཏང་འདུག ཡིན་ན་ཡང་ང་ལ་བསྐྱར་དུ་མངལ་གནས་གཤིན་པོ་ཞིག་བསྩལ་བ་རེད་"ཅེས་ལོ་ ༡༠༡ ལོན་པའི་རྒན་མོ་དེས་གནམ་བདག་ཆོས་ལུགས་ལ་ཡིད་ཆེས་ཀྱིས་དེ་ལྟར་བཤད།  བེར་ཊ་ཊེལ་ལ་ཡི་ཁྱོ་ག་སྤྱི་ལོ་༡༩༩༨ ལོ་གྲོངས་ན་ཡང་། མོས་ཁམས་ཀྱི་མཛོད་ནས་ཁམས་དཀར་ཉོས་ཏེ་བྱིས་པ་བཟོ་ཐུབ་པ་སྔར་ནས་ཤེས་པས། དྲྭ་ཐོག་ནས་ཐབས་ཤེས་བྱས་པར་སྐྱེས་པ་ཞིག་གིས་མོ་ལ་ཐིག་ལེ་སྟེར་རྒྱུ་ཁས་བླངས། ཁམས་དཀར་པོ་སྟེར་བའི་སྐྱེས་པ་དེ་ཨ་རིའི་མངའ་སྡེ་སན་ཧྥ་རིན་སི་ཁོ་ནས་ཡིན་པ་དང་ལོ་༢༦ རེད།  མོས་ལོ་ ༡༠༡ ཐོག་བུ་སྣོད་དུ་ཁམས་དཀར་བླུགས་ནས་བྱིས་པ་ ༡༧ པའི་ཨ་མར་གྱུར་ཏེ། འཛམ་གླིང་གི་ལོ་ན་མཐོ་ཤོས་ཀྱི་ཨ་མར་གྱུར་ཏོ།།   དེ་སྔ་སྤྱི་ལོ་ ༡༨༩༣ ལ་ལྷོ་ཨ་ཧྥེ་རི་ཀ་ནས་སྐྱེས་པའི་བུད་མེད་ཅིག་གིས་རང་ཉིད་ལོ་ ༩༢ ལོན་པའི་སྐྱེས་སྐར་གཏོང་རྒྱུར་ཉིན་གསུམ་ལས་མེད་པའི་གོང་དུ་བྱིས་པ་མཚེ་མ་ཞིག་སྐྱེས་ཏེ། འཛམ་གླིང་གི་ཨ་མ་ལོ་ན་རྒན་ཤོས་ཡིན་པའི་ཟིན་ཐོ་བཀོད་མྱོང་ཡོད།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། སེང་དཀར།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-12-04 ལྟ་ཀློག (4763)