​ཤེས་རིག་སློབ་གླིང་གི་འཁྲུངས་སྟོན་སྐབས་༢༢་པའི་གསར་འགྱུར་གནད་བསྡུས།

 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཉིས་པའི་འཁྲུངས་སྟོན་མཛད་སྒོ།


       སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ་༡༡པའི་ཚེས་༡༥ཉིན་མོ་འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཉིས་པའི་འཁྲུངས་སྟོན་ཉིན་མོ་ཡིན་པས།  ཚོགས་ཐོག་ཏུ་སློབ་གླིང་འདིའི་བྱེད་པོ་རྒན་འཇིགས་མེད་རྒྱལ་མཚན་མཆོག་དང་སློབ་དཔོན་དམ་པ་ལྡོང་ཡོན་ཏན་སོགས་དགེ་སློབ་དང་ལྟད་མོ་བ་སྟོང་ཕྲག་མང་བོ་མཉམ་ཞུགས་ཀྱིས་མ་ཡུམ་སློབ་གླིང་གི་སྐབས་ཉེར་གཉིས་པའི་འཁྲུངས་སྐར་དུས་ཆེན་བསུས་ཤིང།      སློབ་མ་ཚོས་ཉིན་འགའི་རིང་ལ་གྲ་སྒྲིག་བྱས་པའི་རིག་རྩལ་ནི་གཅིག་ལས་གཅིག་ལྷག་ལ། ལྷག་པར་དུ་ཤེས་རིག་སློབ་གླིང་གི་སློབ་མ་དང་རྩྭ་ཐང་བུ་མོའི་སློབ་མ་སོགས་སློབ་གྲོགས་རང་རང་གི་རིག་རྩལ་གྱ་ནོམ་པ་མང་བོ་གྲ་སྒྲིག་བྱས་ཡོད་པར་མ་ཟད།  བདུང་ལེན་གྱི་གླུ་ཚིག་སོགས་མང་ཤོས་སློབ་མ་རང་གི་བརྩམས་ཆོས་ཡིན་པར་མ་ཟད། དབྱངས་དང་རོལ་མོའི་རམ་འདེགས་སོགས་ལ་ཡང་གསར་གཏོད་ཀྱི་རྣམ་པ་ཅུང་མངོན་གསལ་དོད་པོ་ཡོད། དེ་བཞིན་དུ་སློབ་མ་ཚོས་བརྩམས་པའི་ཟློས་གར་འཁྲབ་གཞུང་དུ་མ་ཡང་འཁྲབ་སྟོན་བྱས་པས་ལྟད་མོ་བ་དང་དགེ་སློབ་ཡོངས་ལ་དགའ་ཚོར་གྱི་བག་ཆགས་ཟབ་མོ་བཞག

 ཁྱད་པར་དུ་འཁྲུངས་སྟོན་བསུ་བའི་རིག་རྩལ་གྱི་བར་ནས་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་དགེ་སློབ་ཡོངས་ཀྱི་ཚབ་བྱས་ནས་སློབ་གྲྭའི་ཐོག་མཐའ་བར་གསུམ་དུ་སྐུ་དྲིན་ཆེ་བའི་རྒྱ་ཆེ་བའི་མང་ཚོགས་ལ་བཀའ་དྲིན་ཞུས་ཤིང་།      སློབ་གཙོ་དམ་པ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་སྐུ་དྲིན་ལས་བོད་ཁ་བའི་རིག་གཞུང་མ་ཉམས་རྒྱུད་འཛིན་གནང་བའི་གནས་འདི་མི་ལོ་ཉེར་གཉིས་ལོན་པར་དགའ་དད་སྤྲོ་གསུམ་གྱིས་གསུང་བཤད་ཡིད་འཁུལ་བ་མང་དུ་གནང་ཡོད།


ཐོན་མིའི་རྣམ་ཐར་ལས་ཐོན་མི་རྒྱ་གར་ནས་ཕྱིར་བོད་དུ་ལོག་སྐབས་རྒྱལ་བློན་འཁོར་བཅས་ཀྱིས་བསུ་མ་བྱེད་བཞིན་པའི་འཁྲབ་སྟོན་ཡུལ་དངོས།


ཐོན་མིའི་བཀའ་དྲིན་ལས་བོད་དུ་ཡི་གེའི་སྲོལ་མཆོག་རྒྱ་ཆེར་དར་བས་རྒྱལ་བློན་འཁོར་བཅས་དགའ་སྟོན་ལ་རོལ་བའི་རྣམ་པ།


མཐར་ཕྱིན་འཛིན་གྲྭས་ཐོན་མིའི་བཀའ་དྲིན་རྗེས་སུ་དྲན་པའི་རྣམ་ཐར་འཁྲབ་པ།


  སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་གསུང་བཤད་གནང་བཞིན་པ།


ཁམས་པའི་ཞབས་བྲོ།


དགེ་རྒན་མགོན་པོ་སྐྱབས་ཀྱི་བཀྲ་ཤིས་འཁྲུངས་སྟོན་ཞེས་པའི་བདུང་ལེན་ལ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།


རྩྭ་ཐང་བུ་མོའི་སློབ་གྲྭའི་ཡེ་ཤེས་ཆོས་སྒྲོན་དང་དབང་མོ་གཉིས་ཀྱིས་བཀྲ་ཤིས་ཉི་མ་ཞེས་པའི་གླུ་དབྱངས་ཤིག་ལེན་བཞིན་པ།


མཐར་ཕྱིན་གཉིས་པའི་སངས་རྒྱས་སོགས་ཀྱིས་མཛངས་པའི་ཇུས་མཆོག་ཅེས་པའི་རྣམ་ཐར་ཞིག་གཙོ་འཁྲབ་བྱ་བཞིན་པ།


མཐོ་གཅིག་གཉིས་པས་གྱང་བྲོ་ཞེས་པའི་བོད་ཀྱི་ཞབས་བྲོ་ཐུན་མོང་མ་ཡིན་པ་ཞིག་མཆོད་འབུལ་བྱས་པ།


ཞབས་བྲོ།


རྩྭ་ཐང་བུ་མོའི་སློབ་གྲྭའི་དབང་ཆེན་སྒྲོལ་མ་སོགས་ཀྱིས་ལུག་རྫི་གླེན་པ་ཞེས་པའི་བཞད་གར་ཞིག་འཁྲབ་པ།


ཨ་མྱེས་རྨ་ཆེན་རྔ་རྡུང་རུ་ཁག


སློབ་རའི་རིག་རྩལ་ཁྲོད་དགའ་བསུ་ཆེན་པོ་ཐོབ་པའི་རྔ་རྡུང་རུ་ཁག


དམའ་རིམ་དང་བོའི་དཔལ་ཆེན་སྐྱབས་སོགས་ཀྱི་འབྲོག་པའི་གསབ་སྦྱོང་ཞེས་པའི་ཁ་ཤགས་ཤིག


རྩྭ་ཐང་བུ་མོའི་སློབ་གྲྭའི་ཀུན་བཟང་དབང་མོ་སོགས་ཀྱི་སྒེག་ལྡན་བུ་མོའི་སྟངས་སྟབས་ཞེས་པའི་ཞབས་བྲོ།


ཞབས་བྲོ།


གླུ་དབྱངས།


ཞབས་བྲོ


འཁྲུངས་སྟོན་གྱི་ཟུར་དངོས་ཤིག


ལྟད་མོ་པའི་ཡུལ་དངོས།


མཚན་མོའི་རིག་རྩལ་སྣ་ཚོགས་མདོ་འཛིན་བཞིན་པ།


འཁྲུངས་སྟོན་བསུ་བའི་མཚན་ལྗོངས།


གློག་སྒྲོན་འོག་གི་འཁྲུངས་སྟོན།


འོད་ཁང་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་པའི་མཚན་ལྗོངས་འདིར་མ་ཡུམ་སློབ་གླིང་གི་འཁྲུངས་སྐར་བསུ།


མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་རྟེན་འབྲེལ་དུ་ཕུལ་བའི་འོད་ཁང་སྣ་ཚོགས།


ནོར་བུ།


པི་ཝང།


འཁོར་ལོ།

འཛིན་གྲྭ་སོ་སོས་གཞན་ནས་ཁྱེར་འོང་བ་མ་ཡིན་པར་རང་རང་གི་ལག་རྩལ་ལྟར་སློབ་གྲྭའི་འདས་མ་ད་གསུམ་གྱི་ལོ་རྒྱུས་མཚོན་པའི་འོད་ཁང་སྣ་ཚོགས་བཟོས་ཏེ་འགྲེལ་བཤད་དང་ཀུན་ལ་ལྟད་མོར་ཕུལ་ཡོད།


མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཉིས་པའི་འཁྲུངས་སྟོན་གྱི་རིག་རྩལ་སྤྲོ་ཚོགས་ཆེན་མོ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ཡོངས་སུ་མཇུག་བསྡུས།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-11-15 ལྟ་ཀློག (7505)