ལོ་བདུན་ཅུའི་རིང་ཟས་ཟ་མ་མྱོང་པའི་རྣལ་འབྱོར་བ།

    ལོ་༧༠རིང་ཟས་ཅི་ཡང་མ་བཟས་པར་མ་ཟད་ཆུ་ཡང་འཐུང་མྱོང་མེད་པའི་རྣལ་འབྱོར་བ།

   དབྱིན་ཇིའི་《ཉིན་རེའི་འཕྲིན་པ་》ཞེས་པའི་གསར་འགྱུར་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།  རྒྱ་གར་དུ་དགུང་ལོ་༨༢སླེབས་ཤིང་མིང་ལ་ཅཱ་ནེས་(Prahlad Jani)ཞེས་པའི་རྣལ་འབྱོར་བ་ཞིག་ཡོད་པ་དེས་ལོ་༧༠རིང་ཟས་ཅི་ཡང་མ་བཟས་པར་མ་ཟད། ཆུ་ཡང་འཐུང་མེད་པར་འཚོ་ཐུབ་ཡོད་པའི་སྐོར་བརྗོད་འདུག་ལ། གནས་ཚུལ་དེ་ཐོས་རྗེས་རྒྱ་གར་ཀུའུ་ཅཱ་ར་ཐྲི་(Gujarat)མངའ་སྡེའི་གྲོང་ཁྱེར་ཨ་མོ་ཏ་པ་ཏེ་(Ahmedabad)རུ་ཡོད་པའི་སེ་ཐྲེར་ལིང་(Sterling Hospital)ཞེས་པས་སྨན་ཁང་གིས་བགྲེས་སོང་དེ་སྨན་ཁང་དུ་ཁྲིད་ཅིང་ཉིན་༡༥རིང་ཟ་འཐུང་ཅི་ཡང་བྱེད་དུ་མ་བཅུག་པར་གཏམ་དེ་བདེན་མིན་བརྟག་དཔྱད་བྱས་པར། བགྲེས་སོང་དེ་སྔར་བཞིན་འཚོ་ཐུབ་ཡོད་པ་མ་ཟད། ཁྲག་སོགས་བརྟག་དཔྱད་འབྲས་བུ་ཟ་འཐུང་བྱེད་བཞིན་པའི་མི་རྒྱུན་ལྡན་ལྟར་ཡིན་པས་སྨན་པ་མང་པོ་ཧ་ལས་པར་གྱུར་ཞིང་དེའི་རྒྱུ་མཚན་ཅི་ཡིན་སྐོར་ལ་ཞིབ་འཇུག་བྱས་མོད། ཡིན་ནའང་ད་སྔའི་བར་དེའི་རྒྱུ་མཚན་གསལ་བོ་ཤེས་མེད།

བགྲེས་སོང་དེ་སྨན་ཁང་དུ་ཁྲིད་ཅིང་ཉིན་༡༥རིང་ཟ་འཐུང་ཅི་ཡང་བྱེད་དུ་མ་བཅུག་པར་བརྟག་དཔྱད་བྱས་པ།


གསར་འགྱུར་མཁོ་སྤྲོད་པ།  གཟི་མིག་གསུམ་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-06 ལྟ་ཀློག (7754)