སྐབས་དྲུག་པའི་རྒྱལ་སྤྱིའི་ནང་བསྟན་བགྲོ་གླེང།

    

སྐབས་དྲུག་པའི་རྒྱལ་སྤྱིའི་ནང་བསྟན་བགྲོ་གླེང། 

    སྤྱི་ལོ་༢༠༡༦ལོའི་ཟླ་༡༠ཚེས་༢༩དང་༣༠ལ་ཀྲུང་གོའི་མི་དམངས་སློབ་ཆེན་རྒྱལ་སྤྱིའི་ནང་ཆོས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་སྐབས་དྲུག་པའི་རྒྱལ་སྤྱིའི་ནང་བསྟན་རིག་པའི་བགྲོ་གླེང་གི་ཚོགས་འདུ་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས།  སྐབས་འདིའི་བརྗོད་གཞི་གཙོ་བོ་ནི་ནང་བསྟན་ཀྱི་རྒྱུ་འབྲས་ཀྱི་བསམ་བློ་ཞེས་པ་གཞིར་བཞག་ནས་དེར་ཞིབ་འཇུག་དང་བགྲོ་གླེང་བྱས་ཤིང་།  ཚོགས་འདུ་རུ་རྒྱལ་ཕྱི་ནང་ཀུན་ནས་ཕེབས་པའི་སྐད་རིགས་དུ་མ་སྨྲ་བ་ལ་དབང་འབྱོར་བའི་མཁས་དབང་རྣམ་པ་དང་སློབ་གྲྭ་པ།ཆོས་ལུགས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་དང་། ལྷག་པར་དུ་རྒྱ་བོད་ཀྱི་དགོན་སྡེ་མང་པོ་ནས་ཕེབས་པའི་དགེ་བཤེས་ལྷ་རམས་པ་དང་མཁས་པ་སོགས་མི་བརྒྱ་དང་ལྔ་བཅུ་ལྷག་འདུས་ཤིང་།དེ་ལས་དགེ་བཤེས་དང་མཁས་དབང་།ཞིབ་འཇུག་པ་བཞི་བཅུ་ལྷག་གིས་དཔྱད་རྩོམ་སྤེལ་ནས་རྒྱ་བོད་སྐད་གཉིས་ཀྱི་སྟེང་ནས་བགྲོ་གླེང་དང་བསམ་བློ་བརྗེ་རེས་ཡིད་མགུ་བ་བྱས་པས།དེར་ཕེབས་པའི་རྒྱལ་ཕྱི་ནང་གཉིས་ཀྱི་བསམ་བློ་བ་དང་མཚན་ཉིད་རིག་པ་བ། གྲུབ་མཐའ་མི་འདྲ་བའི་མཁས་དབང་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱས། མཇུག་མཐའི་བགྲོ་གླེང་དུ་མཁས་དབང་བཞག་པ་རིན་པོ་ཆེ་མཆོག་གིས་སྤྱི་བསྡོམས་གྱི་ཚུར་དུ་རྟེན་འབྱུང་དང་རྒྱུ་འབྲས།ལས་འབྲས་ཞེས་པ་བརྗོད་གཞིར་མཛད་ནས་གསུང་གླེང་གྱ་ནོམ་པ་གནང་སྟེ་སྐབས་འདིའི་ཚོགས་འདུ་རྒྱལ་ཁའི་ངང་ཡོངས་སུ་གྲོལ།

ཚོགས་རའི་རྣམ་པ། 

ཕྱོགས་སོ་སོ་ནས་ཕེབས་པའི་ཆོས་རྒྱུད་དང་གྲུབ་མཐའ་མི་གཅིག་པའི་དགེ་བཤེས་དང་ཞིབ་འཇུག་པ་རྣམ་པས་གསུང་བཤད་གནང་བཞིན་པ།

ཕྱོགས་སོ་སོ་ནས་ཕེབས་པའི་ཆོས་རྒྱུད་དང་གྲུབ་མཐའ་མི་གཅིག་པའི་དགེ་བཤེས་དང་ཞིབ་འཇུག་པ་རྣམ་པས་གསུང་བཤད་གནང་བཞིན་པ།


ཚོགས་ཞུགས་མི་སྣ།


ཚོགས་ཞུགས་མི་སྣ།


 ཚོགས་ཞུགས་མི་སྣ།


ཚོགས་ཞུགས་མི་སྣའི་མཉམ་པར།

ནང་བསྟན་རིག་མཛོད་འཕྲིན་སྟེགས་ལས་བཤུས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-11-01 ལྟ་ཀློག (3507)