སའི་གོ་ལའི་བྱང་ཕྱེད་མའི་གསེར་ལྡན་དུས་ཀྱི་མཛེས་ལྗོངས།

སའི་གོ་ལའི་བྱང་ཕྱེད་མའི་གསེར་ལྡན་དུས་ཀྱི་མཛེས་ལྗོངས།
          2016/10/23       00:09:03

    ཨ་རིའི<<ནུབ་རྒྱ་མཚོ་ཆེན་མོའི་ཟླ་དེབ>>ལས་སྤེལ་བ་ལྟར་ན། སྟོན་དུས་ནི་མི་མང་བོ་ཞིག་གིས་ཆེས་དགའ་མོས་བྱེད་པའི་དུས་ཚིགས་ཤིག་ཡིན་པ་དང་། གོ་ལའི་བྱང་ཕྱེད་མའི་གནམ་གཤིས་རིམ་གྱིས་ཇེ་འཁྱགས་སུ་སོང་བ་དང་མཉམ་དུ། གནས་འདིའི་ཡུལ་གྲུ་གང་སར་འབྲས་ལྡན་སྟོན་དུས་ཀྱི་རྣམ་པའང་མངོན་པར་སླེབས་བྱུང་ལ། སྟོན་དུས་ཀྱི་བྱ་འགུལ་སྣ་ཚོགས་ཀྱང་རབས་དང་རིམ་པར་སྤེལ་བྱུང་སྟེ། སྲོག་ཆགས་དག་གིས་དགུན་བསྐྱལ་བར་གྲ་སྒྲིག་བྱེད་འགོ་ཚུགས་བྱུང་། འདི་ནི་"ཚོན་མདངས་ཀྱི་འགས་གཏོར"དུས་སྐབས་ཤིག་ཀྱང་ག་ལ་མིན། མི་རྣམས་ཀྱིས་ཕྱི་རོལ་གྱི་ཆེས་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ལ་བལྟ་རོལ་བྱས་ཆོག གོང་གསལ་གྱི་པར་དེ་ནི་ཨ་རིའི་ཁཱང་ནེ་ཏེ་གི་གཙང་བོའི་སྟོན་དུས་ཀྱི་ལྗོན་ཤིང་གི་ལོ་མ་རེད།

  ཨུ་རུ་སུ་དཀར་བོའི་མེན་སི་ཁི། བུད་མེད་གཉིས་ཀྱིས་ནགས་མའི་ཚལ་ནས་པར་སྒྲོན་བཞིན་པ།

  ཉིའུ་ཡོག་གི་ཅེ་ཨིན་གྲོག་རོང་གི་ཚོན་མདངས་རྣམ་པར་བཀྲ་བའི་རི་རྒྱུད།

   དབྱིན་ཇིའི་བེ་ཨར་སིའི་ཆེ་ཕོ་སི་ཐོ་རུ། ཞིང་བས་རྒུན་འབྲུམ་ལེན་བཞིན་པ།

  དབྱིན་ཇི་ལོན་ཏོན་དུ། ཤྭ་བ་ཞིག་གིས་ཞོགས་པར་འབོད་སྐད་སྒྲོག་བཞིན་པ།

   ཨུ་རུ་སུ་དཀར་བོའི་མེན་སུ་ཁི་རུ། རྒྱང་བཞུད་བྱེད་པའི་བྱ་ཚོགས།

    ཨ་རིའི་མཱ་ས་ཏོ་སེ་མངའ་སྡེ་རུ། བཟོ་བ་ཚོས་ཤིང་ཏོག་བསྡུ་བཞིན་པ།

ཨུ་རུ་སུ་དཀར་བོའི་མེན་སུ་ཁི་རུ། མི་རྣམས་ཀྱིས་ཤིང་ཏོག་བསྡུ་བཞིན་པ།

     ཨ་རིའི་མེན་ཡུན་མངའ་སྡེའི་སྟོན་ལྗོངས་ཀྱི་ཉི་ཤར།

    འཇར་མན་གྱི་མཱོ་ནེ་ཧེའི་གཙང་བོའི་ངོགས་སུ་ལྷུང་བའི་ལོ་མ་ཞིག

དབྱིན་ཇི་ལོན་ཏོན་དུ། ཞོགས་པ་སྔ་མོར་དུག་སྡོམ་ཞིག་གིས་སྡོམ་རྒྱ་འཐེན་པ་དེ་གཞན་ལས་ཀྱང་མིག་ལ་གསལ་བར་སྣང་།

         ཨ་རིའི་མེན་ཡུན་མངའ་སྡེའི་ནགས་མའི་ཚལ།

དབྱིན་ཇིའི་པཱ་སི་རུ། ཤིང་འབྲས་ཁ་རུ་བཟུང་བའི་ནགས་བྱི་ཞིག

    ཨ་རི་ཉིའུ་ཡོག་ཏུ་དཔེ་ཆ་ཀློག་བཞིན་ལྷོ་ཀུབ་འཚོང་བའི་མི་ཞིག

    འཇར་མན་གྱི་ལོ་བིན་པོ་གི་རུ། ཀུ་ཤུ་བསྡུ་བའི་ཞིང་བ།

           ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་ལོ་མ་དམར་བོ།


          ཉིའུ་ཡོག་གི་ནགས་མའི་ཚལ་གྱི་ཁ་དོག

    ཨ་རིའི་དབྱི་ལི་ནོ་སི་རུ། ཞིང་བ་ཚོས་མ་རྨོས་ལོ་ཏོག་བསྡུ་བཞིན་པ།


    སོའུ་གི་ལན་དུ། ལྗོན་ཤིང་གི་ལྡོག་གཟུགས་གཙང་བོའི་ངོགས་ཀྱི་གྲུ་ཆུང་འགྲམ་དུ་ཤར།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-10-25 ལྟ་ཀློག (4497)