སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གྱང་རིང་དགོན་རྨ་རྒྱལ་ཆོས་རིག་གླིང་དུ་ཕེབས་པ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གྱང་རིང་དགོན་རྨ་རྒྱལ་ཆོས་རིག་གླིང་དུ་ཕེབས་པ། 

     སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཟླ་༡༠ཚེས་༢༣ཉིན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྱང་རིང་དགོན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་གི་རྨ་རྒྱལ་ཆོས་རིག་སློབ་གླིང་དུ་ཕེབས་ཤིང་། དགེ་སློབ་ཡོངས་ཀྱིས་ཐོས་བསམ་སློབ་གཉེར་ཚུལ་བཞིན་གནང་དགོས་ལུགས་ཀྱི་བརྗོད་གཞིའི་སྟེང་ནས་དཀའ་སློབ་ཡིད་འཁུལ་བ་གནང་བར་མ་ཟད།  རྨ་རྒྱལ་ཆོས་རིག་སློབ་གླིང་གི་བྱེད་པོ་༧མཆོག་སྤྲུལ་དམ་པ་བྱང་ཆུབ་ལགས་ཀྱི་ལྷག་བསམ་རྣམ་དག་དང་བསྟན་འགྲོར་སྨན་པའི་མཛད་བཟང་ལ་ཡི་རིང་དང་བསྟོད་བསྔགས་དང་། རྨ་རྒྱལ་ཆོས་རིག་སློབ་གླིང་གི་སློབ་མ་རེར་སྒོར་ལྔ་བཅུ་རེ་འགྱེད་ཅིང་།  སློབ་གླིང་གི་དཔེ་མཛོད་ཁང་སོགས་ལ་གཟིབས་ཞིབ་མཛད་ནས་མཛད་འཕྲིན་གྱི་མཇུག་ལེགས་པར་གྲུབ།  


རྨ་རྒྱལ་ཆོས་རིག་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་ཕེབས་བསུ་ཞུ་བཞིན་པ། 


དགེ་སློབ་ཡོངས་ལ་བཀའ་སློབ་གནང་བཞིན་པ། 


སློབ་དཔོན་མཆོག་དང་རྨ་རྒྱལ་ཆོས་རིག་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་མཉམ་པར། ་ 

རྩོམ་དང་པར་བཤུས་མཁན། གསར་འགོད་པ་སེང་དཀར། 

སྤྱི་ལོ་༢༠༡༦ལོའི་ཟླ་༡༠ཚེས་༢༣ཉིན། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-10-24 ལྟ་ཀློག (3572)