​རྒྱལ་ཡོངས་སྐབས་བདུན་པའི་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་གཟབ་རྒྱས་ངང་འཚོགས་པ།​


རྒྱལ་ཡོངས་སྐབས་བདུན་པའི་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་གཟབ་རྒྱས་ངང་འཚོགས་པ།

    ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིན་བོད་ལུགས་སྨན་ཁང་དང་། པེ་ཅིན་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་རྒྱལ་ཡོངས་སྐབས་བདུན་པའི་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཐོག་ཏུ་གདན་ཞུའི་དགེ་རྒན་ཆེན་མོ་མགོ་ལོག་དབང་ཆེན་འབུམ་གྱི་སྨན་རམས་པ་རྒན་ཏིང་འཛིན་ལགས་ཀྱིས་༼སྨན་དཔྱད་ཟླ་བའི་རྒྱལ་པོའི་འགྲེལ་ཆེན་ལྷག་བསམ་ཟླ་བ་དཀར་པོའི་ཟེར་མདངས་༽ཞེས་པའི་འགྲེལ་ཆེན་དེའི་ཐུན་མིན་ཁྱད་ཆོས་དང་ནང་དོན་སྐོར་ཞིང་ཆེན་སོ་སོའི་བོད་ལུགས་གསོ་རིག་ཞིབ་འཇུག་པ་དང་ཆེད་མཁས་པ་མང་བོར་འཆད་ཁྲིད་གནང་།

གསར་འགོད་པ་སྐབས་གཉིས་པའི་མཐར་ཕྱིན་སློབ་མ་ཆོས་མགོན། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-10-12 ལྟ་ཀློག (4730)