པེ་ཅིང་ཧོང་ཀོང་རྟ་མཆོག་ཚོགས་པས་སྦྱིན་བདག་བྱས་པའི་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་གསར་སྐྲུན་མཛད་སྒོ།

པེ་ཅིང་ཧོང་ཀོང་རྟ་མཆོག་ཚོགས་པས་སྦྱིན་བདག་བྱས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་གསར་སྐྲུན་མཛད་སྒོ།

      ཀྲུང་ཧྭ་སྙིང་རྗེ་དུས་ཆེན་གྱི་ཉིན་མོ་སྟེ་སྤྱི་ཟླ་༩ཚེས་༥ཉིན་པེ་ཅིང་ཧོང་ཀོང་རྟ་མཆོག་ཚོགས་པས་མ་དངུལ་བཏང་སྟེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་གསར་སྐྲུན་གནང་བའི་མཛད་སྒོ་གླིང་སྟོད་དུ་གཟབ་རྒྱས་ངང་འཚོགས་ཤིང་།   ཚོགས་ཐོག་ཏུ་ཀྲུང་གོ་སྤྱི་ཚོགས་ལས་དོན་མཉམ་འབྲེལ་ཚོགས་པའི་ཀྲུའུ་རིན་ལིས་ཁུ་ཡིས་མདོ་འཛིན་མཛད་པར་མ་ཟད།  དགེ་རྒན་འཇིགས་མེད་རྒྱལ་མཚན་གཙོ་བྱས་ནས་ཧོང་ཀོང་རྟ་མཆོག་ཚོགས་པའི་བཟོ་སྐྲུན་སྤྱིའི་ལྟ་སྐུལ་བ་སྐུ་ཞབས་ཀྲང་བེས་ཅང་།  པེ་ཅིང་ཧོང་ཀོང་རྟ་མཆོག་ཚོགས་པའི་ཚོགས་གཞོན་བོས་ལོ་ཆོ། པེ་ཅིང་ཧོང་ཀོང་རྟ་མཆོག་ཚོགས་པའི་དུས་དེབ་གཙོ་སྒྲིག་པ་ལིས་ལོ་མན།   ཀྲུང་གོ་སྤྱི་ཚོགས་ལས་དོན་མཉམ་འབྲེལ་བློ་འདྲི་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁུ །   མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ལས་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་མཁས་པོ།   མགོ་ལོག་ཁུལ་སློབ་གསོ་ཅུའུ་ཡི་འགོ་གཙོ་དབང་པོ།  མགོ་ལོག་ཁུལ་དམངས་སྲིད་ཅུའུ་ཡི་འགོ་གཙོ་གཞོན་པ་སུང་ཞིག་ཡན།  རྨ་ཆེན་རྫོང་སློབ་གསོ་ཅུའུ་ཡི་འགོ་གཙོ་ཉི་མ་འོད་ཟེར།  རྨ་ཆེན་རྫོང་དམངས་སྲིད་ཅུའུ་ཡི་འགོ་གཙོ་གཞོན་པ་སྒྲོལ་མ་འཚོ།  རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་ཏང་གཙོ་དབང་པོ་བཅས་ཚོགས་འདུར་ཞུགས་ནས་གཏམ་བཤད་གལ་ཆེན་གནང་། 

ཚོགས་ཐོག་ཏུ་ཀྲུང་གོ་སྤྱི་ཚོགས་ལས་དོན་མཉམ་འབྲེལ་ཚོགས་པའི་ཀྲུའུ་རིན་ལིག་ཁུ་ཡིས་མདོ་འཛིན་གཏམ་བཤད་གནང་བ།

ཧོང་ཀོང་རྟ་མཆོག་ཚོགས་པའི་བཟོ་སྐྲུན་སྤྱིའི་ལྟ་སྐུལ་བ་སྐུ་ཞབས་ཀྲང་བེས་ཅང་གིས་གསུང་བཤད་གནང་བ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་གསུང་བཤད་གནང་བ།

ཀྲུང་གོ་སྤྱི་ཚོགས་ལས་དོན་མཉམ་འབྲེལ་བློ་འདྲི་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁུ་ཡིས་གསུང་བཤད་གནང་བ།

མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ལས་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་མཁས་པོ་ལགས་ཀྱིས་གསུང་བཤད་གནང་བ།

མགོ་ལོག་ཁུལ་སློབ་གསོ་ཅུའུ་ཡི་འགོ་གཙོ་དབང་པོ་ལགས་ཀྱིས་གསུང་བཤད་གནང་བ།

སློབ་ཁྲིད་ཐོག་ཁང་གསར་བཞེངས་ཀྱི་ལས་གཞི་དངོས་སུ་འགོ་བརྩམས་པ།


ལས་གཞི་གསར་འཛུགས་ཀྱི་ཡུལ་དངོས་སུ་གཟིགས་ཞིབ་གནང་བཞིན་པ།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-09-05 ལྟ་ཀློག (7264)