བོད་ལྭ་ཇུས་འགོད་དང་འཕེལ་རྒྱས་སྐོར་གྱི་དཔྱད་གླེང་ཚོགས་འདུ།

བོད་ལྭ་ཇུས་འགོད་དང་འཕེལ་རྒྱས་སྐོར་གྱི་དཔྱད་གླེང་ཚོགས་འདུ།

   ༢༠༡༦ ལོའི་སྤྱི་ཟླ་༨ པའི་ཚེས་༢༢ཉིན།  མཚོ་སྔོན་གཅན་ཚ་ཁབ་སྐུད་བོད་ལྭ་ཚད་ཡོད་མཐུན་གཉེར་ཁང་གིས་དབུ་འབྱེད་མཛད་སྒོ་དང་བསྟུན་ཁབ་སྐུད་བོད་ལྭ་ཇུས་འགོད་དང་འཕེལ་རྒྱས་སྐོར་གྱི་དཔྱད་གླེང་ཚོགས་འདུ་མདོ་སྨད་གཅན་ཚ་ཧི་མ་ལ་རིག་གནས་གྲོང་དུ་བསྡུས་ཤིང་།   ཚོགས་ཐོག་ཏུ་རྨ་ལྷོ་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་ལགས་དང་གཅན་ཚ་རྫོང་རིག་གནས་ཅུའུ་ལས་བྱེད་པ་སྐོར་ཞིག་དང་།  ཨ་ལགས་ལྷ་རི་ཚང་།   རྫ་རྟ་མགྲིན་སྦྲུལ་སྐུ་སོགས་སྲིད་གཞུང་གི་འགོ་ཁྲིད་ལས་བྱེད་པ་དང་བླ་སྦྲུལ་དགེ་འདུན་པ། ཚོང་བ་སོགས་མི་གྲངས་གཉིས་བརྒྱ་ལྷག་ཚོགས་འདུར་ཞུགས་ཤིང་།  ཚོགས་ཐོག་ཏུ་བོད་ཀྱི་སློབ་གསོ་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་པ་བླ་ལྷག་འདོན་་མཁན་གྱི་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་།  ལྡོང་ཡོན་ཏན་རྒྱ་མཚོ།  སྐུ་ཞབས་གངས་ཞུན་སོགས་ལྷག་བསམ་ཅན་གྱི་མི་སྣ་སྐོར་ཞིག་ལ་གཟི་བརྗིད་དབང་ཡིག་དང་བྱ་དགའ་གནང་སྟེ་བཀའ་དྲིན་ཆེས་ཞུས་པ་མ་ཟད།  གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་མ་སྐོར་ཞིག་ལ་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་ཤིང་།   ཁབ་སྐུད་རྟགས་ཅན་གྱི་བོད་ལྭ་ཇུས་འགོད་དང་འཕེལ་རྒྱས་ཐད་ཀྱི་དཔྱད་གླེང་ཚོགས་འདུ་འབྲེལ་ང་ཚོའི་སེམས་ནང་གི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླེང་ཞེས་པའི་བརྗོད་གཞིའི་སྟེང་ཚོགས་ཞུགས་མི་སྣ་རེ་རེས་བསམ་ཚུལ་ལྷུག་བརྗོད་གནང་།

རྨ་ལྷོ་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་སོགས་ཀྱིས་ཁབ་སྐུད་རྟགས་ཅན་གྱི་བོད་ལྭ་ཇུས་འགོད་དང་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ།

བཟོ་དབྱིབས་མི་འདྲ་བའི་བོད་ལ་སྣ་ཚོགས་འགྲེམས་སྟོན་བྱེད་བཞིན་པ།

མཐུན་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ་ཚེ་རིང་དོན་འགྲུབ་གྱིས་བྱ་དགའ་གནང་བ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-08-30 ལྟ་ཀློག (3331)