འཛམ་གླིང་གི་ཁ་ལོ་བ་མི་དགོས་པའི་གླ་གཏོང་འཁོར་ལོ་ཐོག་མ་སིང་ཀ་ཕོར་ནས་ལམ་དུ་ཞུགས་པ།

འཛམ་གླིང་གི་ཁ་ལོ་བ་མི་དགོས་པའི་གླ་གཏོང་འཁོར་ལོ་ཐོག་མ་སིང་ཀ་ཕོར་ནས་ལམ་དུ་ཞུགས་པ།
ཡིག་སྒྱུར་བ་དང་གསར་འགོད་པ།  སྤྲེལ་ཉི་མ་རྒྱལ་མཚན། 

ས་དེ་གའི་དུས་ཚོད་༢༠༡༦ལོའི་ཟླ༨ ཚེས་༢༥ཉིན། སིང་ཀ་ཕོར་ནས་ཁ་ལོ་བ་མི་དགོས་པའི་གླ་གཏོང་འཁོར་ལོར་ཡོངས་གྲགས་སུ་ཚོད་ལྟ་བྱས་ཤིང་། འདི་ནི་འཛམ་གླིང་གི་འཕྲུལ་མིའི་གླ་གཏོང་འཁོར་ལོ་(robo-taxi)ཐོག་མ་དེ་ཡིན་ལ། ཨ་རིའི་མཱ་སཱ་ཀྲུའུ་སེ་ཁུལ་གྱི་མིང་ལ་nuTonomyཟེར་བའི་འགྲིམ་འགྲུལ་མཉེན་ཆས་ཀུང་སིས་གསར་སྤེལ་བྱས་པ་མ་ཟད། ཚེས་༢༥ཉིན་སིང་ཀ་ཕོར་གྱི་ཚོང་ལས་ཁྲོམ་ར་ས་ཁུལ་དུ་རང་འགུལ་ངང་ཁ་ལོ་སྒྱུར་བའི་རྣམ་པའི་ཁྲོད་ལམ་ལ་ཞུགས། རླངས་འཁོར་འདི་ལ་རེ་ནོར(雷诺)དང་གཟེ་གསུམ་(三棱)བཟོ་གྲྭ་གཉིས་ནས་ཆེད་དུ་སྒྲིག་སྦྱོར་བྱས་ཤིང་།  གདམས་ཐོན་བྱུང་བའི་སིང་ཀ་ཕོར་སྡོད་དམངས་ཀྱིས་ཁ་པར་སྟེང་གི་nuTonomy་མ་ལག་བེད་སྤྱོད་བྱས་ཏེ་འཕྲུལ་མིའི་གླ་གཏོང་འཁོར་ལོར་འབོད་བརྡ་བཏང་ནས་ཁ་ལོ་བ་མི་དགོས་པའི་གླ་གཏོང་དུ་བསྡད།

ཁ་ལོ་བ་མི་དགོས་པའི་གླ་གཏོང་རླངས་འཁོར་ལེགས་འགྲུབ་བྱུང་བ། 


ཁ་པར་སྟེང་གི་མ་ལག་བེད་སྤྱོད་བྱས་ཏེ་གླ་གཏོང་འབོད་བརྡ་གཏོང་བ།


མི་མེད་གླ་གཏོང་སྲང་ལམ་དུ་ཞུགས་པ། 

 

འགྲུལ་བ་སྐྱེལ་འདྲེན་བྱེད་པ། 


རང་འགུལ་གྱིས་ཚོད་འཛིན་བྱེད་པ། 

༼པེ་ཅིན་དགོང་དྲོའི་ཚགས་པར་ལས་བཤུས་ཏེ་བསྒྱུར།༽





རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-08-28 ལྟ་ཀློག (4888)