སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཁམས་ཡུལ་ཤུལ་སོགས་སུ་མཛད་འཕྲིན་བསྐྱངས་པ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཁམས་ཡུལ་ཤུལ་སོགས་སུ་མཛད་འཕྲིན་བསྐྱངས་པ།

དད་ལྡན་སེར་སྐྱས་བསུ་སྦྲེང་བྱེད་པཞིན་པ།


      སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ་༨ཚེས༥་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་འབའ་དགོན་ཡུལ་ཚོ་བཅའ་སྡོད་སློབ་ཆུང་དང་དུང་གི་སྒྲ་དབྱངས་ཚན་ཆུང་གཉིས་ཀྱིས་གདན་ཞུས་ལྟར་ཐེངས་དང་བོར་ཁམས་ཡུལ་ཤུལ་གྱི་ས་ཆ་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོ་རུ་ཕེབས་ནས་༼དུས་སུ་བབས་པའི་ལུགས་གཉིས་བསླབ་བྱ༽་ཞེས་པའི་དམངས་ཕན་སློབ་གསོའི་འཆད་ཁྲིད་གནང་།

དམངས་ཕན་སློབ་གསོའི་འཆད་ཁྲིད་གནང་བཞིན་པ།

     རྫོང་དང་ཡུལ་ཚོ་དགོན་པ་སོགས་མི་འདྲ་བ་མང་པོ་ཞིག་ནས་སྤྱི་ལེ་བརྒྱ་ཕྲག་དུ་མར་བསྐྱོད་པའི་དད་ལྡན་མང་ཚོགས་སུམ་སྟོང་ལྷག་འདུས་ཤིང་། ཁོང་གིས་སྐྱབས་གསུམ་ངོ་སྤྲོད་དང་འབྲེལ་བོད་མི་སུ་ཞིག་ཡིན་ན་ཆོས་པའི་འདུ་ཤེས་དང་བོད་པའི་འདུ་ཤེས་ཡོད་དགོས་པ་དང་བོད་མི་ཡོངས་རྫོགས་ཡིག་རྨོངས་ལས་གྲོལ་དགོས་པའི་འབོད་བསྐུལ།  སློབ་མ་ཚོས་རང་ཉིད་ཡུལ་དང་གནས་མལ་གང་དུ་སོང་ཡང་རང་ཉིད་བོད་པ་ཞིག་ཡིན་པ་གཟི་བརྗིད་དུ་བརྩི་དགོས་པ་དང་བོད་ཀྱི་རིག་གཞུང་གཙོ་བོར་བྱས་ཏེ་སྦྱང་དགོས་པ།  རྒན་བཀུར་གཞོན་བྱམས་དང་ཁོར་ཡུག་གཙང་སྦྲའི་གལ་ཆེན་རང་བཞིན་སོགས་བཀའ་སློབ་གཟབ་རྒྱས་གནང་། མཇུག་ཏུ་ཐེངས་འདིའི་གཙོ་སྒྲུབ་པའི་རེ་ཞུས་བཞིན་འཇམ་དབྱངས་གང་བློ་མ་དང་ཡིག་བརྒྱ་སོགས་ལུང་ཁ་ཤས་ཀྱང་གནང་།

བསུ་སྦྲེང་སྤང་ཡངས་ཉག་ཁ་རུ་འབྱོར་བ།

ཉ་མཚོ་ཟིལ་དཀར་དགོན་ཆེན་དུ་ཆིབས་བསྒྱུར་གནང་བ།

སློབ་གླིང་དུ་གཟིགས་ཞིབ་གནང་བཞིན་པ།

མཐར་ཕྱིན་འཛིན་གྲྭར་གདམས་ངག་ཟབ་མོ་སྒོ་སམ་དུ་བསྩལ་བ།

དེར་འདུས་ཡོངས་ལ་ལུགས་གཉིས་ཀྱིས་བཀའ་སློབ་ལམ་སྟོན་གནང་བ།


     མཐར་སྐྱ་སེར་དག་གིས་དགའ་འགུའི་སྐྱེལ་མ་དང་བཅས་ཉིན་དེའི་ཕྱི་དྲོར་ཉ་མཚོ་ཟིལ་དཀར་དགོན་ཆེན་དུ་ཕེབས་ཏེ་བླ་མ་ལས་སྣེ་ལྷན་རྒྱས་ཀྱིས་ཞུས་ངོར།  ལྷ་རམས་པ་ལྷོ་བ་བློ་བཟང་སོགས་དགེ་བཤེས་རྣམས་དང་།   དགོན་པའི་ནང་བསྟན་སློབ་གླིང་གི་དགེ་སློབ་ཡོངས་ལ།  རེ་བསྐུལ་གསུམ་གྱི་སྒོ་ནས་བསླབ་སྟོན་ཟབ་རྒྱས་གནང་རྗེས་ནང་བསྟན་སློབ་གླིང་གི་སློབ་སྦྱོང་དང་སྒྲིག་འཛུགས་སློབ་དེབ་བཀོད་སྒྲིག་སོགས་ལ་གཟིགས་ཞིབ་གནང་། དགོང་མོར་རྫ་སེར་ཤུལ་དགོན་དུ་ཕེབས།

གུས་སློབ་ཡུལ་ཤུལ་བ་འཕྲིན་ལས་རྣམ་རྒྱལ།

རྩོམ་སྒྲིག་འགན་འཁུར་བ། འབའ་སྣང་གྲོལ།  མགར་རྩེའི་ཉི་ཟེར།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-08-07 ལྟ་ཀློག (4776)