གསལ་བརྡ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་༢༠༡༦ལོའི་དབྱར་གནང་སྤྱི་ཟླ་༨པའི་ཚེས་༣༡ཉིན་མཇུག་རྫོགས་པ་ཡིན་པས་རྒྱུན་བཞུགས་སློབ་མ་སྤྱི་ཟླ་༩པའི་ཚེས་༡ཉིན་སློབ་གླིང་དུ་འབྱོར་ཏེ་མིང་ཐོ་འགོད་དགོས་པས་དེ་ལུགས་ཐུགས་འཇགས་ཡོད་པར་ཞུ།
༢༠༡༦ལོར་གསར་ཞུགས་སློབ་མ་རྣམས་ཀྱིས་གཤམ་གྱི་དོན་ཚན་དག་ཤེས་དགོས།
དང་བོ། སློབ་གླིང་འདིར་ཞུགས་མཁན་རྣམས་ངེས་པར་དུ་སྐྱེས་པ་(འདིར་སྐྱ་སེར་གཉིས་ཀ་འདུ)ཡིན་དགོས།
གཉིས་པ། མིང་ཐོ་འགོད་སྐབས་རང་ཉིད་དངོས་སུ་ཡོང་བའམ་ཡང་ན་མི་གཞན་གྱིས་ཚབ་ཏུ་སློབ་གྲྭའི་སློབ་སྟོན་ཁང་དང་སློབ་གྲྭའི་དྲ་རྒྱ་གཉིས་གང་རུང་དུ་མིང་ཐོ་འགོད་ཆོག
གསུམ་པ། མིང་ཐོ་འགོད་སྐབས་རང་གི་ཉེ་པར་གཅིག་དང་ཐོབ་དཔང་དང་ཁྱིམ་ཐོའི་སྟེང་གི་ཁྱིམ་བདག་ཁོ་གཉིས་ཀྱི་བསྐྱར་དཔར་དགོས། རྟེན་གྲྭ་པ་ཡིན་ན་དགོན་པའི་གནང་ཡིག་ཐོག་ཏུ་དགོན་པའི་དམངས་གཙོ་དོ་དམ་ཁང་གི་ཐམ་ག་ཡོད་དགོས་པར་མ་ཟད་རྫོང་དེའི་ཆོས་ལུགས་ཅུའུ་ཡི་ཐམ་ག་དང་ཆབ་སྲིད་ལ་མ་འགལ་བ་ཞིག་ཡིན་དགོས། མིང་ཐོ་འགོད་བྱང་སོགས་ལ་སྒོར་བརྒྱ་དགོས།
བཞི་བ། མིང་ཐོ་འགོད་པའི་དུས་ཡུན་ནི་ལོ་རེའི་སྤྱི་ཟླ་༩ བའི་ཚེས་༩ནས་འགོ་བརྩམས་ཏེ་ལོ་རྗེས་མའི་སྤྱི་ཟླ་༩བའི་ཚེས༤བར་ཡིན།
ལྔ་བ། སློབ་མ་བསྡུ་ལེན་བྱེད་སྟངས་ནི་མིང་ཐོ་བཀོད་པའི་ཨང་རིམ་དང་རྒྱུགས་གཞིའི་སྐར་གྲངས་བསྡུར་ནས་བསྡུ་ལེན་བྱེད་བཞིན་ཡོད།
དྲུག་པ། སློབ་མ་གསར་དུ་བསྡུ་བའི་བརྒྱུད་རིམ་ཁྲོད་ནས་རྒྱུ་ཐོབ་ངོ་གསུམ་གྱི་འབྲེལ་བ་གཏན་འགོག་བྱས་ཡོད།
བདུན་པ། མིང་ཐོ་བཀོད་ཀྱང་ལོ་དེར་རྒྱུགས་ལ་མ་ཞུགས་ཚེ་མིང་ཐོ་ནུས་མེད་དུ་གྱུར་བ་ཡིན།
བརྒྱད་པ། སློབ་མ་གསར་བསྡུའི་རྒྱུགས་ལ་ཞུགས་པ་ཞིག་ཡིན་ཚེ་ལོ་དེར་རྒྱུགས་མ་འཕྲོད་ཀྱང་ལོ་རྗེས་མར་མིང་ཐོ་ནུས་ལྡན་ཡིན།
དགུ་བ། ཉུང་མཐར་ཡང་བསྟུད་མར་ལོ་གསུམ་གྱི་ཡན་རྒྱུགས་ལ་ཞུགས་པ་ཞིག་ཡིན་ཚེ་དམིགས་བསལ་གྱིས་ཞུགས་ཐུབ།
བཅུ་བ། སློབ་བསྡུའི་རྒྱུགས་ལེན་སྐབས་སྐར་གྲངས་རྩེར་སོན་པ་ཞིག་ལེན་ཐུབ་ན་མིང་ཐོ་ཆེས་རྗེས་སུ་ལྷུང་ཡང་སློབ་གྲྭར་ཞུགས་ཐུབ།
༢༠༡༦ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་ཞུགས་སློབ་མ་བསྡུ་བའི་བརྡ་སྦྱོར།
གཅིག མིང་ཐོ་ཞིབ་བཤེར།
༡ ཟླ་༩བའི་ཚེས་4—7བར་གྱི་སྔ་དྲོའི་དུས་ཚོད་ 08:00—12:00 དང་། ཕྱི་དྲོའི་དུས་ཚོད་ 14:00—1800 བར་གསར་ཞུགས་སློབ་མར་རྒྱུགས་ལེན་མིང་ཐོ་འགོད་རྒྱུ་ཡིན།
༢ མིང་ཐོ་འགོད་སྐབས་སློབ་མ་རང་ཉིད་ཡོང་དགོས་ལ། སྔོན་བཀོད་ཟིན་པའི་མིང་ཐོ་ཁྱེར་ནས་རྒྱུགས་ཞུགས་མིང་ཐོ་འགོད་དགོས།
གཉིས། རྒྱུགས་ལེན་འགྲིག་ལམ།
༡ ཟླ་དགུ་བའི་ཚེས་8 ཉིན་གྱི་སྔ་དྲོའི་དུས་ཚོད་08:30 སྟེང་རྒྱུགས་ཞུགས་མིང་ཐོ་སོགས་ཞིབ་བཤེར་བྱེད་རྒྱུ་དང་། 09:30—11:30བར་དངོས་སུ་རྒྱུགས་ལེན་རྒྱུ་ཡིན།
༢ རྒྱུགས་སྤྲོད་སྐབས་སློབ་མ་རང་ཉིད་ཀྱིས་མིང་ཐོ་དང་རྒྱུགས་ལེན་དཔང་ཡིག་ཁྱེར་ནས་རྒྱུགས་རར་ཞུགས་པ་ལས་མི་གཞན་པས་ཚབ་བྱེད་མི་ཆོག གལ་ཏེ་མི་གཞན་པས་ཚབ་བྱས་ནས་ རྒྱུགས་སྤྲད་མཁན་བྱུང་ཚེ་རྗེས་ཕྱོགས་སློབ་གླིང་འདིར་ཞུགས་པར་ལོ་གསུམ་རིང་མིང་ཐོ་འགོད་དུ་མི་འཇུག
༣ རྒྱུགས་སྤྲོད་མཁན་གྱི་སློབ་མ་ལོ་བཅུ་གཉིས་ཡན་ཡིན་དགོས་ལ་ཁྱིམ་ཐོ་སོགས་རྫུན་བཟོ་བྱས་ནས་ལོ་ཚོད་བསྒྱུར་མཁན་ལ་རྒྱུགས་སྤྲོད་དུ་མི་འཇུག
༤ རྒྱུགས་ལེན་སྐབས་སློབ་གྲྭས་བཀོད་སྒྲིག་བྱས་པའི་དགེ་རྒན་རྣམས་ལས་ཁྱིམ་བདག་སོགས་མི་གཞན་པ་རྒྱུགས་རར་ཡོང་མི་ཆོག གལ་ཏེ་ཡོང་མཁན་ཡོད་ཚེ་སློབ་མ་དང་བཅས་ཕྱིར་འཕུད་བྱེད་རྒྱུ།
༥ གསར་ཞུགས་སློབ་མ་རྣམས་སློབ་གྲྭར་ཞུགས་ནས་ཉིན་འགའི་རྗེས་སུ་སློབ་མ་རེ་རེའི་མིང་ཐོ་དང་གློག་ཀླད་སྟེང་གི་འདྲ་པར་སོགས་སློབ་མ་རེ་རེ་བཞིན་ཡང་བསྐྱར་ཐེངས་གཅིག་ལ་ཞིབ་བཤེར་བྱས་ཏེ་རྫུན་ཞུགས་བྱེད་མཁན་བྱུང་ཚེ་སློབ་གྲྭ་ནས་ཕྱིར་དབྱུང་བྱེད་རྒྱུ།
གསུམ་པ། ལོ་རྗེས་མའི་ཐོ་འགོད་གསལ་བཤད།
༡ ད་ལོར་སློབ་གྲྭར་ཞུགས་མ་ཐུབ་པའི་སློབ་མ་རྣམས་ལོ་སྔོན་མ་རྣམས་སུ་རྒྱུགས་ལ་ཞུགས་པའི་ལོ་རེ་རེའི་གོ་རིམ་དང་། ལོ་རེ་རེའི་རྒྱུགས་ཞུགས་མིང་ཐོའི་གོ་རིམ་བཞིན་༢༠༡༦ལོའི་༩བའི་ཚེས་༩ཉིན་གྱི་ཕྱི་དྲོའི་དུས་ཚོད་ 15:00དེ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་༼www.jmjzjy.com༽ཐོག་དང་སློབ་གླིང་གཉིས་གང་རུང་ནས་ཐོ་འགོད་བྱས་ཆོག
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྟོན་ཁང་གིས།
འདིའི་སྐོར་ཞིབ་ཏུ་ཤེས་འདོད་ན་གཤམ་གྱི་འབྲེལ་གནས་ལ་དྲིས་ཆོག

འབྲེལ་གཏུག་བྱ་ཡུལ།
18097158222 18009756666 15283703999
|