མང་རྫོང་སློབ་མའི་དཔུང་ཚོགས་མཉམ་འདུས་ཀྱི་དགྱེས་འཛོམས་ཐོག་མ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་སྟེ་མང་རྫོང་སློབ་མའི་དཔུང་ཚོགས་མཉམ་འདུས་ཀྱི་དགྱེས་འཛོམས་ཐོག་མ།

  ༢༠༡༦ལོའི་སྤྱི་ཟླ་༧པའི་ཚེས་༢༨ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་སྟེ་མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་མཉམ་འདུས་དགྱེས་འཛོམས་ཐོག་མ།   མཚོ་ལྷོ་ཁུལ་མང་རྫོང་གསེར་གྱི་སྙེ་མ་གསོལ་མགྲོན་ཁང་ཆེན་མོ་རུ་འཚོགས་ཤིང་།  ཚོགས་ཐོག་ཏུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གྲོགས་བོན་བརྒྱ་སྟག་ལྷ་འབུམ་གྱིས་སློབ་གྲོགས་ལྷན་འཛོམས་ཀྱི་དཔྱད་གླེང་ཚོགས་འདུ་ལ་མདོ་འཛིན་མཛད་ཅིང་།   རིམ་པ་བཞིན་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་བན་ཤུལ་འཇམ་དབྱངས་ཀྱིས་ཐོན་མིའི་སློབ་ཚོགས་ཀྱི་དགོངས་དོན་དང་སློབ་གྲོགས་མཉམ་འཛོམས་ཀྱི་དགེ་མཚན་དང་འབྲེལ་བའི་གཏམ་བཤད་གནང་བ་དང་།  ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་མི་བྱ་གཞུང་དམ་ཆོས་ཕུན་ཚོགས་དང་ཀ་རྒྱའི་ལྷ་རིིག་རྒྱལ་སོགས་ཚོགས་ཞུགས་སློབ་མ་རེ་རེས་རང་རང་གི་བསམ་ཚུལ་དང་འབྲེལ་བའི་སྒོ་ནས་གཏམ་བཤད་རིན་ཐང་ཅན་མང་དུ་གནང་བར་མ་ཟད།    ལྷག་པར་དུ་ན་གཞོན་སྙན་ངག་པ་གཟི་མིག་གསུམ་པ་དང་བྱ་གཞུང་སྙིང་ལྕགས་རྒྱལ་གཉིས་ཀྱིས་རྒྱལ་ཕྱི་ནང་གི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་གནས་སྟངས་དང་།  སློབ་གསོ་དང་ཁེ་ལས་མཉམ་སྒྲུབ་ཀྱི་དགེ་མཚན་སོགས་ཀྱི་ཐད་ནས་གསུང་བཤད་གནད་ཏུ་འཁེལ་བ་མང་བོ་གནང་མཐར།   སློབ་གྲོགས་ཡོངས་ཀྱི་བསམ་ཚུལ་གཞི་གཅིག་ཏུ་མཐུན་པ་སོགས་ཚོགས་འདུ་བདེ་ལེགས་ངང་མཇུག་བསྡུས་སོ།།

བོད་ཀྱི་གློག་བརྙན་སྐད་སྦྱོར་བ་དང་འཁྲབ་ཁྲིད་པ་བོན་བརྒྱ་སྟག་ལྷ་འབུམ་གྱིས་ཚོགས་འགོ་འཛིན་པ་དང་། ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་པ་བན་ཤུལ་འཇམ་དབྱངས་དང་སྙན་ངག་བླ་ནག་སྐལ་ལྡན་རྒྱ་མཚོ།  ན་གཞོན་ཁེ་ལས་པ་བན་ཤུལ་པདྨ་ཡག་བཅས་ཀྱིས་རང་རང་གི་སེམས་འདུན་གླེང་བ།

ན་གཞོན་ཁེ་ལས་པ་མང་རའི་དཔལ་བཟང་དང་དུང་དཀར་བོ་སྐྱེས་ཁམས་ཁོར་ཡུག་སྲྭང་སྐྱོབ་མཐུན་ཚོགས་ཀྱི་གཙོ་འགན་པ་ཀླུ་ཚང་བློ་བཟང་སྐལ་ལྡན།  གླིང་ཆེན་ལྷ་རི་མཐུན་གཉེར་ཁང་གི་གཙོ་འགན་པ་བན་ཤུལ་འབྲུག་ལྷ་རྒྱལ། བྱ་གཞུང་དགེ་འཕེལ་བཅས་ཀྱིས་སེམས་འདུན་བརྫོད་བཞིན་པ།

མཚོ་སྔོན་བཙན་པོ་སྨྱན་བྱེད་མཐུན་གཉེར་ཁང་གི་ཡིག་བསྒྱུར་བ་གཡུ་ལོ་དང་ན་གཞོན་ཚོང་ལས་པ་བྱ་གཞུང་དམ་ཆོས་ཕུན་ཚོགས།  ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཀ་རྒྱའི་ལྷ་རིག་རྒྱལ།  མཚོ་སྔོན་གངས་ལྷ་རིག་གནས་མཐུན་གཉེར་ཁང་གི་གཙོ་འགན་པ་བྱ་གཞུང་སྙིང་ལྕགས་རྒྱལ་བཅས་ཀྱིས་གཏམ་བཤད་གནང་བཞིན་པ།

མི་གཤིས་གསོ་སྐྱོང་འཛིན་གྲྭའི་གཙོ་སྒྲུབ་པ་བན་ཤུལ་འབུམ་རྩེ་ཡག་དང་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་གྲྭའི་དགེ་རྒན་ཀུན་ཐར་རྒྱལ། འབུམ་ལུང་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་འགོ་གཙོ་ཟླ་བ་འོད་གསལ། ཀ་རྒྱའི་དཔལ་མགོན་ཐར་བཅས་ཀྱིས་སེམས་འདུན་བརྗོད་བཞིན་པ།

བན་ཤུལ་ཨོ་རྒྱན་རིག་འཛིན་དང་སློབ་གྲོགས་རྟ་མགྲིན་དབང་ཕྱུག་གཉིས་ཀྱིས་རང་ཉིད་ངོ་སྤྲོད་འབྲེལ་བའི་བསམ་ཚུལ་བརྗོད་བཞིན་པ།

ས་གནས་སློབ་གྲོགས་རྣམས་ལ་སྣེ་ཁྲིད་བྱ་མཁན་གྱི་ཚོགས་གཙོ་བྱ་གཞུང་སྙིང་ལྕགས་རྒྱལ་དང་ཚོགས་གཙོ་གཞོན་པ་གཟི་མིག་གསུམ་པ།  དྲུང་ཡིག་ཆེན་མོ་བན་ཤུལ་འབུམ་རྩེ་ཡག   དྲུང་ཡིག་ཆེན་མོ་གཞོན་པ་བོན་བརྒྱ་སྟག་ལྷ་འབུམ། རྩིས་གཉེར་བ་བན་ཤུལ་འབྲུག་ལྷ་རྒྱལ་བཅས་ཀྱི་མཉམ་པར།

དགྱེས་འཛོམས་དང་གསོལ་སྟོན་གྱི་ཡུལ་དངོས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-07-27 ལྟ་ཀློག (6410)