རི་མོའི་སྒྱུ་རྩལ་གྱི་གནས་བབས་དང་འཕེལ་རྒྱས་སྐོར་གྱི་དཔྱད་གླེང་ཚོགས་འདུ།
༢༠༡༦ ལོའི་སྤྱི་ཟླ་༧
པའི་ཚེས་༡༨
ཉིན་མཚོ་སྔོན་མེ་ལོང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་གི་དབུ་འབྱེད་མཛད་སྒོ་དང་མེ་ལོང་རི་མོའི་སྒྱུ་རྩལ་གྱི་གནས་བབས་དང་འཕེལ་རྒྱས་སྐོར་གྱི་དཔྱད་གླེང་ཚོགས་འདུ་མདོ་སྨད་གཅན་རྫོང་ཧི་མ་ལ་ཡ་དམངས་སྲོལ་རིག་གནས་གྲོང་དུ་འཚོགས་ཤིང་། སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་གཅན་ཚ་རྫོང་ཧི་མ་ལ་ཡ་དམངས་སྲོལ་རིག་གནས་གྲོང་དུ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི་འགོ་གཙོ་ལིས་ཆིན་ཡང་དང་།
ལིས་ཧྲིན་ཏུང་། མཚོ་སྔོན་ཉིན་རེ་ཚགས་པར་རྩོམ་སྒྲིག་ཁང་། ཨ་མདོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་རྒྱང་སྒྲོག་བོད་སྐད་དྲྭ་ཚིགས། གཅན་ཚ་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་བང་ཀྲིན། གཅན་ཚ་རྫོང་སློབ་གསོ་ཅུའུ་ཅུ་ཀྲང་ཀུན་ལྡན་རྡོ་རྗེ། སྐྱ་རྒྱ་ཡུལ་ཚོའི་འགོ་གཙོ་བསོད་ནམས་གྲགས་པ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར། ཧི་མ་ལ་ཡ་དམངས་སྲོལ་རིག་གནས་གྲོང་གི་འགོ་གཙོ་གངས་ཞུན། མཚོ་སྔོན་མེ་ལོང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ་རོང་ཚང་ཀླུ་རྒྱལ།
མེ་ལོང་རྩོམ་སྒྲིག་པ་བན་ཤུལ་འཇམ་དབྱངས་སོགས་གཙོ་བྱས་ཏེ་ཕྱོགས་སོ་སོ་ནས་ཕེབས་པའི་ཚོང་རམས་པ་དང་སྐུ་མགྲོན་མང་བོ་ཆེད་ཕེབས་ཀྱིས་མེ་ལོང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་གི་དབུ་འབྱེད་མཛད་སྒོ་ལ་ཞུགས་ཤིང་།
མཛད་སྒོའི་སྟེང་གཅན་ཚ་རྫོང་གི་རྫོང་དཔོན་གཞོན་པ་བང་ཀྲིན་དང་བན་ཤུལ་འཇམ་དབྱངས།
སྐུ་ཞབས་གངས་ཞུན་སོགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གལ་ཆེན་གནང་རྗེས་རྫོང་དཔོན་གཞོན་པ་བང་ཀྲིན་དང་ཧི་མ་ལ་ཡ་དམངས་སྲོལ་རིག་གནས་གྲོང་གི་སྤྱི་ཁྱབ་འགན་འཛིན་པ་སྐུ་ཞབས་གངས་ཞུན་གཉིས་ཀྱིས་མཚོ་སྔོན་མེ་ལོང་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་གི་སྒོ་འབྱེད་ཡོལ་བ་ཕྱེས།
གཅན་ཚ་རྫོང་གི་རྫོང་དཔོན་གཞོན་པ་བང་ཀྲིན་གྱིས་དབུ་འབྱེད་གཏམ་བཤད་གནང་བ།
བན་ཤུལ་འཇམ་དབྱངས་ཡེ་ཤེས་ཀྱིས་མེ་ལོང་དུས་དེབ་དང་མཐུན་གཉེར་ཁང་སོགས་ངོ་སྤྲོད་གནང་བཞིན་པ།
ཧི་མ་ལ་ཡ་དམངས་སྲོལ་རིག་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་པ་གངས་ཞུན་གྱིས་དབུ་འབྱེད་གཏམ་བཤད་གནང་བ།
མེ་ལོང་འགྲེམ་སྟོན་ཁང་དུ་གཟིགས་ཞིབ་གནང་བཞིན་པ།
ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་རྣམས་གཅན་ཚ་རྫོང་གསེར་ཁྱུང་དངུལ་འདུས་གསོལ་མགྲོན་ཁང་ཆེན་མོ་རུ་ཕེབས་ཏེ་གུང་ཚིགས་གསོལ་བ་དང་མཉམ་དུ་གཞོན་སྐྱེས་གླུ་བ་ཆུང་ཆུང་ཀུན་ཕན་ནོར་སྦྱིན་དང་།
སྨྲ་ཁམས་མཁའ་འགྲོ་རྒྱལ། དེང་རབས་སྒྱུ་རྩལ་བ་ཨ་རིག་བསྟན་སྐྱོང་དང་རྭ་རྒྱ་རྟ་མགྲིན་སྐྱབས།
ཚེ་རིང་སྒྲོལ་མ། རྨ་ཀློང་དམངས་སྲོལ་སྒྱུ་རྩལ་ཚོགས་པའི་གླུ་བ་བསྟན་པ་སོགས་ཀྱིས་གླུ་དབྱངས་དང་སྙན་ངག་གྱེར་འདོན། བཞད་གར་དང་དམངས་གླུ་སོགས་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས།
གླུ་བ་ཆུང་ཆུང་ཀུན་ཕན་ནོར་སྦྱིན་གྱིས་གླུ་དབྱངས་ལེན་བཞིན་པ།
སྨྲ་ཁམས་མཁའ་འགྲོ་རྒྱལ་གྱིས་ཨ་མ་ཞེས་པའི་སྙན་ངག་གྱེར་བཞིན་པ།
ཨ་རིག་བསྟན་སྐྱོང་དང་རྭ་རྒྱ་རྟ་མགྲིན། ཚེ་རིང་སྒྲོལ་མ་གསུམ་གྱིས་བཞད་གར་འཁྲབ་བཞིན་པ།
གླུ་བ་བསྟན་པས་དམངས་གླུ་ལེན་བཞིན་པ།
ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་གསེར་ཁྱུང་དངུལ་འདུས་གསོལ་མགྲོན་ཁང་ཆེན་མོའི་སུམ་ཐོག་གི་གྲོས་ཚོགས་ཁང་དུ་ཆུ་ཚོད་གཉིས་ལྷག་རིང་སྐབས་གསུམ་པའི་མེ་ལོང་རི་མོའི་སྒྱུ་རྩལ་གྱི་གནས་བབས་དང་འཕེལ་རྒྱས་སྐོར་གྱི་དཔྱད་གླེང་ཚོགས་འདུས་བསྡུས་ཤིང་།
ཚོགས་ཐོག་ཏུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཤྭ་བོ་རབ་བརྟན།
མཚོ་སྔོན་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཅོད་པ། བོད་ཀྱི་ཡིག་མཁན་གྲགས་ཅན་རྒན་བསྟན་ཁོ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྐུ་ཞབས་བཀྲ་ཤིས་དོན་འགྲུབ་དང་སྐུ་ཞབས་འཕགས་པ་ཐར། རྒྱང་སྒྲོག་དྲ་ལམ་གྱི་གསར་འགོད་པ་དབང་རྒྱལ་ཚེ་རིང་། ཡ་རྫི་བྱམས་སྐྱོང་བྱིས་པའི་སློབ་གླིང་གི་སློབ་གཙོ་ཐུབ་བསྟན་དངོས་གྲུབ། མཚོ་སྔོན་ཉིན་རེའི་ཚགས་པ་ཁང་གི་རྩོམ་སྒྲིག་པ་དཔའ་ཆེན་རྡོ་རྗེ། མིང་དུ་གྲགས་པའི་གེ་སར་ཞིབ་འཇུག་པ་རིན་ཆེན་རྒྱ་མཚོ། རི་མོ་བ་གྲགས་ཅན་འབྲུ་ཚ་བཀྲ་ཤིས་རྡོ་རྗེ། བོད་ལུགས་རི་མོའི་སྒྱུ་རྩལ་དར་སྤེལ་ཚད་ཡོད་མཐུན་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ་སྐུ་ཞབས་ཆོས་འབྱོར། ལྷ་རིས་པ་གྲགས་ཅན་གཟུངས་འབུམ། བུད་མེད་ལྷ་རིས་པ་རིན་ཆེན་འཚོ། རི་མོ་བ་གྲགས་ཅན་པདྨ་རིག་འཛིན་སོགས་ཚོགས་ཞུགས་གནང་སྟེ་མེ་ལོང་སྒྱུ་རྩལ་དང་འབྲེལ་བའི་གཏམ་གནད་དུ་འཁེལ་བ་མང་བོ་གནང་ནས་ཚོགས་འདུ་བདེ་ལེགས་ངང་མཇུག་བསྡུས་པ་རེད།
སྐབས་གསུམ་པའི་མེ་ལོང་རི་མོའི་སྒྱུ་རྩལ་གྱི་གནས་བབ་དང་འཕེལ་རྒྱས་སྐོར་གྱི་དཔྱད་གླེང་།
སྐབས་གསུམ་པའི་མེ་ལོང་རི་མོའི་སྒྱུ་རྩལ་གྱི་གནས་བབ་དང་འཕེལ་རྒྱས་སྐོར་གྱི་དཔྱད་གླེང་སྟེང་མཉམ་འཛོམས་དྲན་རྟེན།
རྩོམ་སྒྲིག་འགན་འཁུར་བ། འབའ་སྣང་གྲོལ། མགར་རྩེའི་ཉི་ཟེར། ཨ་བུ་འབྲོང་།
|