འཛམ་གླིང་གི་གནའ་མཁར་ཆེན་པོ་བཅུ།

       ཨང་གཉིས་པ། ཡ་ཏེན། དམངས་གཙོ་རིང་ལུགས་དང་གྲངས་རིག་པ། མཚན་ཉིད་རིག་པ། ཨོ་རྩལ་འགྲན་ཚོགས་སོགས་ནི་གནའ་བོའི་གྷི་རིམ་གྱི་རྒྱལ་ས་ཡ་ཏེན་ནས་བྱུང་བ་དང་། སྤྱི་ལོ་སྔོན་གྱི་དུས་རབས5པ་ནི་གནའ་བོའི་གྷི་རིམ་འཕེལ་རྒྱས་བྱུང་བའི་ཡང་རྩེ་ཡིན།

       ཨང་གསུམ་པ། ཇེན་ཧྲི་ཐན་ཏིན་པའོ། དེང་དུས་ཀྱི་ཇེན་ཧྲི་ཐན་ཏིན་པའོ་ནི་དེ་འདྲའི་གཟི་ཉམས་ལྡན་པ་ཞིག་མིན་ནའང་། གནའ་བོའི་རོ་མ་ཉམས་རྒུད་དུ་སོང་རྗེས་ཀྱི་དུས་སྐབས་དེའི་ནང་འཛམ་གླིང་སྟེང་སྟོབས་ཤུགས་ཆེས་ཆེ་བའི་གྲོང་ཁྱེར་ཞིག་ཏུ་གྱུར་བ་མ་ཟད། འབྱོར་ཕྱུག་ལྡན་པའི་གྲོང་ཁྱེར་ཞིག་ཏུ་ཡང་གྱུར།

      ཨང་བཞི་བ། སྦ་སྦི་ལོན། གནའ་བོའི་སྦ་སྦི་ལོན་ན་ཆེས་ངོ་མཚར་བའི་བཟོ་བཀོད་ཅིག་ཡོད་པ་ནི་མཁའ་དབྱིངས་ཀྱི་མེ་ཏོག་ལྡུམ་ར་ཡིན་ལ། སྤྱི་ལོ་སྔོན་གྱི་དུས་རབས6པའི་ནང་འཛུགས་སྐྲུན་བྱས་པ་ཞིག་རེད། ཡང་གཅིག་བཤད་ནི་སྦ་སྦི་ལོན་ནི་གནའ་སྔ་མོའི་དུས་ནས་བཟུང་དམག་འཁྲུག་རྒྱུན་ཆད་མེད་པར་བསླངས་པའི་ས་གནས་ཤིག་ཡིན་པ་དང་སྔ་ཕྱིར་རྒྱལ་ཁབ་མང་པོའི་རྒྱལ་ས་རུ་ཡང་གྱུར་མྱོང།

     ཨང་ལྔ་བ། ཁོ་སི་ཁི། ཁོ་སི་ཁི་ནི་ཨན་ཏི་སི་རི་རྒྱུད་ཀྱི་མཚམས་སུ་ཡོད་པ་དང་། སྔོན་ཆད་ཧིན་ཅཱ་བཙན་རྒྱལ་གྱི་དུས་སྐབས་སུ། ས་གནས་གང་ལ་འགྲོ་ཡང་ངེས་པར་དུ་བརྒྱུད་དགོས་པའི་ས་གནས་འགངས་ཆེན་ཞིག་ཡིན། དུས་རབས15པའི་དུས་མགོར། ཁོ་སི་ཁི་ནི་མི་ཚོགས་ཁྲི་མ་འབུམ་གྱིས་ཚོང་ལས་གཉེར་སའི་ས་གནས་གཙོ་བོ་ཞིག་ཏུ་གྱུར།

       ཨང་དྲུག་པ། ཐི་ནོ་ཆི་ཏི་ལན་ཐི། ལོ་རྒྱུས་ཀྱིས་ར་སྤྲོད་བྱས་པ་ལྟར་ན། གནའ་སྔ་མོའི་དུས་སུ་ཐི་ནོ་ཆི་ཏི་ལན་ཐི་ནི་འཛམ་གླིང་སྟེང་གཞི་རྒྱ་ཆེ་ཞིང་མཛེས་སྡུག་པའི་གྲོང་ཁྱེར་ཞིག་ཡིན་ལ། ཨ་ཀྲི་ཐེ་ཁི་བཙན་རྒྱལ་གྱི་རྒྱལ་སའང་ཡིན﹙ད་ལྟའི་མོ་ཞི་ཁིའི་རྒྱལ་ས་མོ་ཞི་ཁི་གྲོང་ཁྱེར﹚། 1521ལོར་སི་ཕེན་གྱིས་ས་གནས་འདིར་བཙན་འཛུལ་བྱེད་པའི་སྐབས་སུ་མི་གྲངས་འབུམ3ལྷག་ཡོད་ལ། ཡོ་རོབ་ཀྱི་གྲོང་ཁྱེར་འགངས་ཆེན་དག་དང་འདྲ་བར་དཔལ་འབྱོར་གྱི་གོ་གནས་ཆེན་པོ་བཟུང་ཡོད།

      ཨང་བདུན་པ། ཏིས་སྦི་སི། གནའ་བོའི་ཨེ་ཅིབ་གླེང་མ་ཐག མི་རྣམས་ཀྱི་ཡིད་ལ་ཐོག་མར་འཆར་བ་ནི་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་དང་གཏོར་གཟུགས་མཆོད་རྟེན་གཉིས་ཡིན་པ་སྨོས་མེད་རེད། འོན་ཀྱང་དོན་དངོས་ཀྱི་སྟེང་ནས་བརྗོད་ན། ཏིས་སྦི་སིའི་ཧྥ་རོ་རྒྱལ་རབས་ནི་ལོ་རྒྱུས་ཀྱི་རྒྱུན་དེ་ལས་ཀྱང་རིང་བ་ཞིག་ཡིན་པ་དང་། ལོ་ངོ4500ལྷག་གི་ཡར་སྔོན་དུ་གནའ་བོའི་ཨེ་ཅིབ་ཀྱི་རྒྱལ་བོ་རིམ་བྱོན་གྱིས་རྒྱལ་ས་བྱས་མྱོང། དེ་ལས་གཞན། ཏིས་སྦི་སི་ནི་སྐབས་དེའི་ལྷ་ཁང་བཞེངས་བསྐྲུན་བྱས་པ་ཆེས་མང་པའི་ས་གནས་ཤིག་ཡིན།

      ཨང་བརྒྱད་པ། ཏ་ཅིན་སྦ་སྦི་ཝེ། ཏ་ཅིན་སྦ་སྦི་ཝེའི་སྤྱིའི་རྒྱ་ཁྱོན་ལ་ཧ་ལམ་དབྱིན་མུའུ1800ལྷག་ཡོད་ལ། སྔོན་ཆད་ཧྥེ་གླིང་གི་རྒྱ་ཁྱོན་ཆེས་ཆེ་བ་དང་བཟོ་བཀོད་ཆེས་ལེགས་པའི་གྲོང་ཁྱེར་གཅིག་པུ་དེ་ཡིན་པས། ཡོ་རོབ་གླིང་གི་མི་སེར་སྤེལ་མཁན་དག་ས་གནས་འདིར་ཐོན་ནས་ཏ་ཅིན་སྦ་སྦི་ཝེ་མཐོང་མ་ཐག་ཧ་ལས་ནས་ཧང་སངས་བར་གྱུར།

        ཨང་དགུ་བ། ཞི་ཨན། ལོ་ངོ3000ལྷག་གི་ཡར་སྔོན་ནས་བཟུང་ཞི་ཨན་ནི་ཀྲུང་གོའི་གྲོང་ཁྱེར་འགངས་ཆེན་ཞིག་ཡིན་ལ། ད་སྐབས་ཀྱང་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་འཕྲོག་སའི་ས་གནས་ཤིག་ཏུ་གྱུར་ཡོད། གནས་འདི་རུ་ཆིན་རྒྱལ་རབས་སྐབས་ཀྱི་རྫ་བཟོས་གྱད་རྟ་དང་ཧན་རྒྱལ་རབས་སྐབས་སུ་བཞེངས་སྐྲུན་བྱས་པའི་ཁྲང་ཨན་མཁར་སོགས་འཛམ་གླིང་ལ་ངོམ་དུ་རུང་བའི་བཟོ་བཀོད་མང་པོ་ཡོད།


       ཨང་བཅུ་བ། ཁཱ་ཧོ་ཅི་ཉི། ཁཱ་ཧོ་ཅི་ཉི་ནི་མེ་གླིང་བྱང་མ་རུ་ཡོད་ལ། སྤྱི་ལོ1100ལོར་གནས་འདིའི་སྡོད་དམངས་ཀྱི་གྲངས་ཚད་མི་ཁྲི3ལྷག་ལ་སླེབས། དུས་རབས18པའི་ཡར་སྔོན་དུ། ཁཱ་ཧོ་ཅི་ཉི་ནི་མེ་གླིང་བྱང་མའི་ཆེས་ཆེ་བའི་གྲོང་ཁྱེར་གཅིག་པུ་དེ་ཡིན་པ་དང་། གནས་འདིར་སྨི་སི་སི་ཕི་ཆུ་བོའི་རྒྱུད་ཀྱི་རིག་གནས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད། ཚོང་ལས་ལ་དར་རྒྱས་ཆེ་ཞིང་འཛུགས་སྐྲུན་ལ་སྔོན་ཐོན་གྱི་རང་བཞིན་ལྡན། རྗེས་ནས་དུས་ཀྱི་འགྱུར་ལྡོག་གི་དབང་གིས་ཁཱ་ཧོ་ཅི་ཉིའི་གནའ་བོའི་འཛུགས་སྐྲུན་དག་ཀྱང་རིམ་བཞིན་མིང་གི་ལྷག་མ་ཙམ་དུ་གྱུར།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-07-11 ལྟ་ཀློག (4981)