སྨན་རམས་པ་ཆེན་མོ་རྒན་བསྟན་སྲུང་གྲགས་པ་ལགས་ཀྱིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་མཛད་འཕྲིན་བསྐྱངས་པའི་གནས་ཚུལ།

སྨན་རམས་པ་ཆེན་མོ་རྒན་བསྟན་སྲུང་གྲགས་པ་ལགས་ཀྱིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་མཛད་འཕྲིན་བསྐྱངས་པའི་གནས་ཚུལ།

 

   ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་བོད་ཀྱི་གསོ་རིག་སློབ་གསོ་འཕེལ་རྒྱས་དང་བརྒྱུད་འཛིན་དར་སྤེལ་གྱི་བྱ་བཞག་སྤྱི་དང་། ཁྱད་པར་དུ་དེང་དུས་སུ་ནད་ཐོག་ལ་བཅོས་ཕན་ཆེ་ཞིང་ཡུལ་མདོ་ཁམས་ཀྱི་ཕྱོགས་སུ་ཉག་ཕྲ་ལ་ཆེས་དཀོན་པའི་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་རྩ་ལྟོའི་སྦྱོངས་གཉིས་ཀྱི་ལག་ལེན་ཉམས་པ་སླར་གསོའི་ཆེད་དུ་ཟླ་འདིའི་ཚེས་བཅུ་དྲུག་ཉིན་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་སྨན་རམས་པ་ཆེན་མོ་རྒན་བསྟན་སྲུང་གྲགས་པ་ལགས་སློབ་གླིང་དུ་གདན་དྲངས་ཏེ་གསོ་རིག་རྒྱུད་བཞིའི་ཕྱི་མ་རྒྱུད་ཀྱི་སྦྱོངས་བྱེད་ལས་ལྔའི་གཞུང་ཁྲིད་ཆ་ཚང་དང་། རྩ་ལྟོའི་སྦྱོངས་གཉིས་ཀྱི་སྨན་རྫས་འདུལ་སྦྱོངས་དང་བཟོ་སྦྱོར།ནད་ཐོག་ལག་ལེན་གྱི་མྱོང་ཁྲིད་བཅས་སྟབས་གཅིག་ཏུ་གནང་།  དུས་མཚུངས་སུ་ནད་པ་ཁ་ཤས་ལ་དངོས་སུ་རྩ་སྦྱོངས་དང་ལྟོ་སྦྱོངས་བཏང་སྟེ་སྔོན་འགྲོ་དངོས་གཞི་རྗེས་གཅོད་དང་བཅས་པའི་ལག་ལེན་དམར་ཁྲིད་གནང་བར་མ་ཟད། ཁོང་གིས་ད་ལོ་ནས་བཟུང་ངེད་སློབ་གླིང་གི་དངོས་སྦྱོང་སློབ་མའི་མཛུབ་ཁྲིད་དགེ་རྒན་གནང་བར་ཞལ་བཞེས་གནང་།  ཐེངས་འདིར་སློབ་ཞུགས་བྱས་པའི་སློབ་མ་ནི་བོད་ལྗོངས་དང་། སི་ཁྲོན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་བོད་སྨན་ཁང་སོ་སོ་ནས་ཕེབས་པའི་སྨན་པ་དང་། དགོན་སྡེ་ཁག་གི་སྨན་པ། གསོ་རིག་དགེ་རྒན་དང་སློབ་མ་བཅས་མི་༡༨༥དངོས་སུ་སློབ་ཞུགས་བྱས་ཡོད། 


སྦྱོངས་བྱེད་ལས་ལྔའི་རིག་གཞུང་འཆད་ཁྲིད་གནང་བཞིན་པ། 


སྦྱོངས་སྨན་དུག་འདོན་བྱེད་བཞིན་པ། 


ཚོགས་རའི་ཟུར་ཞིག


ནད་ཐོག་ལག་ལེན་དམར་ཁྲིད། 


སློབ་གླིང་གི་དངོས་སྦྱོང་སློབ་མའི་མཛུབ་ཁྲིད་དགེ་རྒན་གྱི་དཔང་ཡིག་འབུལ་བཞིན་པ། 


དགེ་རྒན་རྣམ་པས་ལྷན་དུ་གསུང་གླེང་གནང་བཞིན་པ།


བསླབ་འབྲས་དཔང་ཡིག་སྤྲོད་བཞིན་པ། 


སློབ་བུ་རྣམས་དང་ལྷན་དུ་སློབ་གྲྭར་གཟིགས་ཞིབ་གནང་བཞིན་པ། 


སློབ་གླིང་གི་སྨན་ཁང་གསར་བཞེངས་ལ་གཟིགས་ཞིབ་གནང་བཞིན་པ། 

ཐེངས་འདིའི་དགེ་སློབ་མཉམ་པར། 

གསར་འགོད་པ།  དགེ་རྒན་ཀརྨ་ལམ་བཟང་།


 རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-06-20 ལྟ་ཀློག (4825)