རྔོན་པས་བདས་པའི་གླང་ཆེན་རྨས་མ་ཞིག་གསོལ་མགྲོན་ཁང་དུ་འོངས་ཏེ་མིའི་རིགས་ལ་སྐྱབས་བཅོལ་ཞུ་བ།

རྔོན་པས་བདས་པའི་གླང་ཆེན་རྨས་མ་ཞིག་གསོལ་མགྲོན་ཁང་དུ་འོངས་ཏེ་མིའི་རིགས་ལ་སྐྱབས་བཅོལ་ཞུ་བ།
        2016-06-03     10:57:47

    སྤྱི་ལོ་2016ལོའི་ཟླ་6ཚེས་3ཉིན་སྤེལ་བ་ལྟར་ན། ཉེ་ལམཅིན་པ་པོ་བེ་རྒྱལ་ཁབ(津巴布韦)ཀྱི་གླང་ཆེན་ཞིག་ལྐོག་གསོད་རྔོན་པས་མེ་མདའ་འཕངས་ཏེ་རྨས་སྐྱོན་ཐེབས་རྗེས། ས་གནས་དེའི་གསོལ་མགྲོན་ཁང་ཞིག་ཏུ་སླེབས་པ་དང་། གསོལ་མགྲོན་ཁང་གི་བདག་གཉེར་དོ་དམ་པས་འཁྱར་འཁྱོར་གླང་ཆེན་འདི་མཐོང་བ་དང་དེ་ལ་རྨས་སྐྱོན་ཐེབས་ཡོད་པ་ཤེས་པ་རེད།

གླང་ཆེན་ཐོག་མར་གནས་འདིར་སླེབས་དུས། ཡུལ་སྐོར་བ་ཐམས་ཅད་འཇིགས་སྣང་སྐྱེས་ཏེ་རང་རང་སར་བྲོས།

རོགས་སྐྱོབ་མི་སྣ་སླེབས་ཏེ་གླང་ཆེན་ལ་སྨན་བཅོས་བྱས་པ་དང་། སྨན་བཅོས་བྱེད་པའི་གོ་རིམ་ཁྲོད། ཁོ་ཚོས་དེ་ལ་རྨས་སྐྱོན་ཐེབས་པ་ནི་ལྐོག་གསོད་རྔོན་པས་རྨས་སྐྱོན་བཏང་བ་ཡིན་པ་ཤེས།

གསོལ་མགྲོན་ཁང་ནང་ཁུལ་གྱི་ཕྱུགས་ནད་སྨན་པ་ཡུལ་གཞན་ལ་གནས་སྐོར་དུ་སོང་བས། དེ་མ་ཐག་ཕྱུགས་ནད་སྨན་པ་གཞན་ཞིག་བོས་པ་དང་། ཁོ་རང་རང་འདུན་གྱིས་གནམ་གྲུ་ལ་བསྡད་དེ་དབྱིན་ལེ་200(ཧ་ལམ་རྨིད་སྟོང་ཕྲག་321)ལྷག་གི་གནས་ནས་འདིར་གླང་ཆེན་མྱུར་སྐྱོབ་བྱེད་པར་ཕེབས།

འདི་ནི་གླང་ཆེན་མྱུར་སྐྱོབ་བྱེད་བཞིན་པའི་རྣམ་པ་རེད།

རོགས་སྐྱོབ་མི་སྣས་གླང་ཆེན་གྱི་རྨ་ཁ་བཀྲུ་བཞིན་པ།

མྱུར་སྐྱོབ་བྱེད་སྐབས། ཁོ་ཚོས་གླང་ཆེན་གྱི་རྣ་བར་མདེའུ་ཤུལ་གཉིས་ཡོད་པ་མཐོང་།

སྨན་བཅོས་བྱས་རྗེས། ལས་བྱེད་མི་སྣས་གླང་ཆེན་གྱི་ལུས་ཕུང་གཙང་བཀྲུ་བྱེད་པ།

གླང་ཆེན་གྱི་རྨ་ཁ་སོས་བཞིན་པའི་རྣམ་པ།

གླང་ཆེན་གྱི་རྣ་བའི་རྨ་ཤུལ

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ། གསར་འགོད་པ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-06-03 ལྟ་ཀློག (4886)