གཏམ་བཤད་ནོར་བུའི་ཕྲེང་བ་ཞེས་པའི་འགྲན་བསྡུར་གྱི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ།

གཏམ་བཤད་ནོར་བུའི་ཕྲེང་བ་ཞེས་པའི་འགྲན་བསྡུར་གྱི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ།

 

   དེ་རིང་སྟེ་སྤྱི་ལོ་༢༠༡༦/༥/༤ཉིན།  ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སློབ་མ་རྣམས་ཀྱི་འཆད་པའི་ཡོན་ཏན་དང་སྨྲ་བའི་སྤོབས་པ་བསྐྱེད་བསྲིང་བྱ་ཆེད་དང་།  བསམ་གཞིག་དང་འཚོལ་ཞིབ་བཅས་ཀྱི་འཇོན་ནུས་བསྔོག་འདོན་བྱ་བར་དམིགས་ཏེ་གཏམ་བཤད་ནོར་བུའི་ཕྲེང་བ་ཞེས་པའི་སློབ་མའི་གཏམ་བཤད་ཀྱི་འགྲན་བསྡུར་ཞིག་སྤེལ།   དེ་ཡང་ཐོག་མར་སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གིས་གཏམ་བཤད་འགྲན་བསྡུར་གྱི་བྱ་འགུལ་འདི་ལ་ཆེད་དུ་“གཏམ་བཤད་ནོར་བུའི་ཕྲེང་བ་”ཞེས་པའི་མིང་བཏགས་ཤིང་།  མཛུབ་སྟོན་དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོའི་མཛུབ་ཁྲིད་འོག་འཛིན་གྲྭ་བཅུ་གཅིག་གི་སློབ་གྲོགས་ཉེར་བཞིས་ཐོག་མར་དུས་ཡུན་ཟླ་ཕྱེད་ལྷག་ལ་སྦྱོང་བརྡར་བྱས་རྗེས་ད་གཟོད་དངོས་སུ་འགྲན་བསྡུར་ལ་ཞུགས་ཤིང་།   དེ་དག་ལས་འགྲན་ཞུགས་སློབ་བུ་འཕྲིན་ལས་རྒྱ་མཚོ་དང་ཨ་རིག་བསྟན་སྐྱོང་གཉིས་ལ་བྱ་དགའ་ཨང་བོ་དང་།  འཇམ་དབྱངས་ཆོས་འཕེལ།   ངག་དབང་ནོར་བུ།  བསམ་གཏན་བཀྲ་ཤིས་གསུམ་ལ་བྱ་དགའ་ཨང་གཉིས་པ།   ཆོས་ཀྱི་རྒྱ་མཚོ།  རྐང་བསོད་བློ།  སེང་ཆུང་གསུམ་ལ་བྱ་དགའ་ཨང་གསུམ་པ།     བསོད་ནམས་སྟོབས་ལྡན།   ཨོ་རྒྱན་ཡེ་ཤེས་གཉིས་ལ་རྟིང་སྐུལ་བྱ་དགའ།  སྐབས་བཅུ་དགུ་བའི་མཐར་ཕྱིན་འཛིན་གྲྭ་དང་བོ་ལ་ཕུལ་བྱུང་འཛིན་གྲྭའི་བྱ་དགའ་བཅས་ཐོབ།   མཇུག་མཐར་སློབ་དཔོན་དམ་པ་བཛྲ་ཚུལ་ཁྲིམས་ཚང་གིས་འགྲན་བསྡུར་གྱི་བྱ་བར་སྤྱི་བསྡོམས་དང་གདེང་འཇོག་བླ་མེད་གནང་བར་མ་ཟད་མ་འོངས་པར་བྱ་འགུལ་ཐད་བཀའ་སློབ་དང་ལམ་སྟོན་གྱི་གསུང་བཤད་གལ་ཆེན་གནང་ལ།  སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གིས་གསུང་བཤད་ཡིད་འཁུལ་བ་གནང་སྟེ་བྱ་འགུལ་འདིའི་མགོ་བཀྲ་ཤིས་ཤིང་མཇུག་བདེ་ལེགས་ཀྱི་ངང་ནས་གྲུབ་པར་བྱས་སོ།།


སློབ་དཔོན་རིན་པོ་ཆེ་བཛྲ་ཚུལ་ཁྲིམས་རྒྱ་མཚོས་མཛུབ་སྟོན་གནང་བཞིན་པ། 

འགྲན་བསྡུར་བ་རྣམས་ཀྱིས་གཏམ་བཤད་གནང་བཞིན་པ། 

ཚོགས་ར་ཡོངས་ཀྱི་རྣམ་པ། 

འགྲན་ཞུགས་ཁྲོད་དགའ་རྟགས་ཐོབ་པའི་སློབ་མ་རྣམས་ཀྱི་མཉམ་པར། 

དགེ་རྒན་ལས་བཟོ་བ་ཡོངས་དང་འགྲན་ཞུགས་སློབ་མ་རྣམས་ཀྱི་མཉམ་པར། 

    གསར་འགོད་པ།  གཏམ་བཤད་ནོར་བུའི་ཕྲེང་བའི་རྩོམ་སྒྲིག་ཚན་ཆུང་།



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-05-05 ལྟ་ཀློག (4658)