འཛམ་གླིང་སྟེང་མགོ་བོ་བརྗེ་བའི་གཤག་བཅོས་ཐོག་མ་ལག་བསྟར་བྱ་རྒྱུ་རེད།

འཛམ་གླིང་སྟེང་མགོ་བོ་བརྗེ་བའི་གཤག་བཅོས་ཐོག་མ་གྲ་སྒྲིག་བྱས་པ་ལག་བསྟར་བྱེད་རྒྱུ་ཡིན་ལ་ཆུ་ཚོད་སོ་དྲུག་གི་ཡུན་ལ་གཤོག་བཅོས་བྱེད་དགོས།

 ༼གཟའ་འཁོར་དུས་དེབ་གསར་འགྱུར་༽སྟེང་སྤེལ་བ་ལྟར་ན་འཛམ་གླིང་སྟེང་མགོ་བརྗེ་བའི་གཤག་བཅོས་ཐོག་མ་གྲ་སྒྲིག་བྱས་པ་ལག་བསྟར་བྱེད་རྒྱུ་རེད།  ཐེངས་འདིའི་གཤག་བཅོས་གྲ་སྒྲིག་ལག་བསྟར་བྱེད་མཁན་ནི་དབྱི་ཐ་ལིའི་དབང་རྩའི་ཕྱི་ནད་ཚན་ཁག་གི་སྨན་པ་Sergio Canavero ཡིན་ཞིང་། གཤག་བཅོས་ཀྱི་གོ་རིམ་གཉིས་སུ་བགོས་ཡོད། 
གོ་རིམ་དང་པོ་མགོ་བོ་ཁ་འབྱར་དུ་འཇུག་རྒྱུ་དེ་ཡིན་ཞིང་། གོ་རིམ་གཉིས་པ་ནི་སྒལ་ཀླད་མཉམ་འདྲེས་བྱེད་དུ་འཇུག་རྒྱུ། མགོ་བོ་བརྗེ་བའི་གཤག་བཅོས་བྱེད་སའི་དང་བླངས་མཁན་ནི་ཨུ་རུ་སུ་རྩིས་འཕྲུལ་བསྒྲིགས་རིམ་པ་Valery Spiridonov ཡིན་ལ། ཁོ་བོ་ལོ་སོ་གཅིག་ཡིན་ཞིང་ཤ་རྒྱུས་ཉམས་པའི་ནད་བྱུང་ཡོད། 
ལུས་ཕུང་ཕུལ་མཁན་གཞན་དེ་ནི་ནད་འགོག་དབྱེ་རིགས་ཀྱི་ཀླད་ནུས་ཉམས་པའི་ནད་པ་ཞིག་བདམས་ཡོད།
སྨན་པ་Canaveroཡི་འཆར་གཞི་ལྟར་ན་ཆུ་ཚོད་སུམ་ཅུ་སོ་དྲུག་གི་ཡུན་ལ་གཤག་བཅོས་བྱེད་རྒྱུ་ཡིན་ལ། འགྲོ་གྲོན་ལ་ཨ་སྒོར་བྱེ་བ་གཉིས་(20000000)ཡིན་ཞིང་གཤག་བཅོས་འདི་ལ་ཞུགས་མཁན་ཉུང་མཐར་ཡང་མི་གྲངས་༡༥༠མཆིས། དེ་ནང་དུ་སྨན་པ་དང་། ནད་གཡོག་མ། ལག་རྩལ་བ། སེམས་ཁམས་རིག་པ་བ། རྟོག་བཟོ་དངོས་ཡོད་བཟོ་སྐྲུན་པ་བཅས་འདུས་ཡོད།
ཐེངས་འདིའི་གཤག་བཅོས་ལ་གཤག་བཅོས་ཚན་ཁག་གཉིས་ཀྱིས་མཉམ་དུ་བྱ་བ་བྱེད་རྒྱུ་ཡིན་ལ། ཚན་ཁག་གཅིག་གིས་ཆེད་དུ་ནད་པ་Spiridonovལ་ལྟ་རྟོག་བྱེད་རྒྱུ་དང་ཅིག་ཤོས་ཀྱིས་ལུས་ཕུང་ཕུལ་མཁན་ལ་ཆེད་དུ་ལྟ་རྟོག་བྱེད་རྒྱུ་རེད།  དེའི་ཁྲོད་ནས་ནད་པ་Spiridonovམགོ་བོ་གྲང་མོ་རུ་གཏོང་རྒྱུ་ཡིན་ལ་གནས་སྐབས་ཙམ་གྱི་ཡུན་ལ་ཀླད་གཞི་ཤི་བའི་གོ་རིམ་བརྒྱུད་ངེས་སོ།།

 ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ་སྤྲེལ་ཉི་མ་རྒྱལ་མཚན།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-05-02 ལྟ་ཀློག (7148)