
མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགོ་བ་རྒན་པ་ཀྲུའུ་ཀྲི་ཅན་སོགས་གཟིགས་སྐོར་དུ་ཕེབས་པ།
དེ་རིང་སྟེ་སྤྱི་ཟླ་༣པའི་ཚེས་༡༠ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགོ་བ་རྒན་པ་ཀྲུའུ་ཀྲི་ཅན་དང་འགོ་བ་གཞོན་པ་ལོས་ཞན་ཀྲུང་། ཁུལ་སློབ་གསོ་ལས་ཁུངས་ཀྱི་འགོ་བ་གཞོན་པ་འཇམ་དབྱངས་དང་བཀྲ་ཤིས། རྨ་ཆེན་རྫོང་སློབ་གསོ་ལས་ཁུངས་ཀྱི་འགོ་བ་འབྲུག་གྲགས་འཁོར་བཅས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་ནས་ཕྱོགས་ཡོངས་ལ་གཟིགས་སྐོར་གནང་བར་མ་ཟད། གླིང་སྟོད་སྨད་གཉིས་ཀྱི་སློབ་ཁང་དང་སློབ་མའི་ཉལ་ཁང་། ཟ་ཁང་དང་དཔེ་མཛོད་ཁང་། གཞུང་སྒྲུབ་ཁང་བཅས་ལ་ཞིབ་ལྟ་བྱས་ཤིང་། སློབ་གླིང་རང་གི་ཐུན་མོང་མ་ཡིན་པའི་སློབ་ཁྲིད་གནང་སྟངས་དང་རྩོད་པ་བྱེད་སྟངས་སོགས་ལ་ཉན་ནས་ཁོ་ཚོར་བསླབ་བྱ་མང་བོ་ཐོབ་སོང་ཟེར་ནས་གདེངས་འཇོག་མཐོན་པོ་བྱས།
སློབ་མའི་བརྩམས་ཆོས་སྣ་ཚོགས་ལ་གཟིགས་ཞིབ་གནང་བ།

འཛིན་གྲྭ་སོ་སོར་གཟིགས་ཞིབ་གནང་བ།

མཐར་ཕྱིན་སློབ་མའི་གྲུབ་འབྲས་ལ་གཟིགས་ཞིབ་གནང་བ།

རྩོད་རིགས་ལ་གཟིགས་ཞིབ་གནང་བཞིན་པ།
བརྩེ་སེམས་འཁོལ་བའི་གསུང་གླེང་།
སློབ་མའི་ཟ་ཁང་དུ་གཟིགས་ཞིབ་གནང་བ།
|