འཛམ་གླིང་གི་ཆེས་ཆུང་བའི་སྦལ་བ།

རིང་ཚད་ལ་ལིས་རྨིད་གཅིག་ཀྱང་མེད་པའི་སྦལ་བ་དཀོན་པོ་ཞིག

   2016-02-13     16:52:03

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བ་ལྟར་ན། སྤྱི་ལོ་2016ལོའི་ཟླ་2པའི་ཚེས་12ཉིན། ཀོ་པ་རྒྱལ་ཁབ་ཀྱི་ཀོན་ཐ་ན་མོ་མངའ་སྡེའི་ཡ་ལེ་ཧང་ཏི་ལོ•ཏི་ཧོང་པོ་རྒྱལ་ཁབ་སྲུང་སྐྱོང་ས་ཁུལ་(古巴关塔那摩省的亚历杭德罗·德洪堡国家保护区内)ནང་དུ། ཀོ་པ་ཡེ་པེ་ལེ་ཡ་རི་སྦལ་(古巴伊比利亚山蛙)ཞིག་སྐྱེ་དངོས་ཀྱི་ལོ་མའི་སྟེང་དུ་ཡོད་པ་དང་། དེ་ནི་ཀོ་པའི་དངུལ་སྒོར་ལེབ་མོ་གཅིག་གི་ཚངས་ཐིག་གི་ཕྱེད་ཀ་ཙམ་ལའང་མི་ལོངས་པ་རེད།

      ཡེ་པེ་ལེ་ཡ་རི་སྦལ་ནི་ལིས་རྨིད་གཅིག་ལ་མི་ལོངས་པ་ཞིག་ཡིན་ལ། སའི་གོ་ལ་བྱང་ཕྱེད་མའི་(北半球)ཆེས་ཆུང་བའི་སྦལ་བའི་རིགས་ཤིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་ཆེས་ཆུང་བའི་སྦལ་བའི་རིགས་གསུམ་གྲས་ཀྱི་གཅིག་ཀྱང་ཡིན།

སྲོག་ཆགས་འདིའི་རིགས་ཤིན་ཏུ་ཉུང་ཞིང་དཀོན་པ་དང་། ཀོ་པའི་ས་ཁུལ་རེ་འགའ་ན་མ་གཏོགས་མེད། སྤྱི་ལོ་1996ལོར་ད་གཟོད་གཞི་ནས་སྦལ་བ་འདི་འདྲ་ཞིག་ཡོད་པ་ཤེས་རྟོགས་བྱུང་བ་རེད།

གོང་གསལ་གྱི་པར་འདི་ནི་རི་སྦལ་དང་མིའི་སེན་མོ་གཉིས་བསྡུར་བ་གཏོང་བའི་རྣམ་པ་རེད།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ། འཇམ་དབྱངས་ཚུལ་ཁྲིམས། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-02-14 ལྟ་ཀློག (4909)