བན་ཆོན་གཙང་བོའི་འགྲམ་གྱི་ཚེ་སྲོག་སྲུང་མཁན་གྱི་སྨྱུག་མ་ཁུར་བའི་རྒན་པོ།

བན་ཆོན་གཙང་བོའི་འགྲམ་གྱི་ཚེ་སྲོག་སྲུང་མཁན་གྱི་སྨྱུག་མ་ཁུར་བའི་རྒན་པོ།

 

   མི་སྲོག་སྐྱོབ་སླད། ཁོང་གིས་ཉིན་རེར་ཆུ་ཚོད་བཅོ་ལྔའི་རིང་གཙང་བོའི་རགས་ཆེན་བསྲུངས་ནས་བསྡད་ཡོད།  ཁོ་རང་ཆུང་དུས་ནས་བན་ཆོན་གཙང་བོའི་འགྲམ་དུ་འཚར་ལོངས་བྱུང་། མི་ཆུར་ལྷུང་ནས་ཤི་བ་མཐོང་སྐབས་ཁོང་གི་སེམས་སུ་སྡུག་བསྔལ་བཟོད་གླགས་མེད་པ་སྐྱེས་མྱོང་།



    ལོ་ན་གཞོན་དུས་ཆུར་རྐྱལ་ནས་གཞན་གྱི་ཚེ་སྲོག་བསྐྱབས་པ་དང་། ལོ་ན་རྒས་པའི་རྗེས་སུ་གཙང་འགྲམ་ནས་བསྡད་དེ་སྨྱུག་མ་རིང་བོ་ཐོགས་ནས་ཆུར་ལྷུང་བའི་མི་སྲོག་བསྐྱབས་དང་སྐྱོབ་བཞིན་ཡོད།
     ལོ་ངོ་བཅུ་ལྷག་གི་རིང་སྐྱེ་བོ་བརྒྱ་ཕྲག་ལས་བརྒལ་བའི་ཚེ་སྲོག་བསྐྱབས་པ་རེད། ཡིན་ནའང་ཁོང་ལ་དྲིན་གཟོ་དང་བཀའ་དྲིན་གྱི་གཏང་རག་མི་དགོས།

    ཁོང་གིས་རང་ཉིད་འགུལ་སྐྱོད་ཐུབ་རག་བར་དུ་གཙང་འགྲམ་ནས་བསྡད་དེ་ཚེ་སྲོག་སྐྱོབ་པའི་"ལས་འགན་"འདི་མཚམས་འཇོག་མི་སྲིད་ཟེར། སྙིང་རྗེ་དང་བརྩེ་བས་ཕྱུག་པའི་ཚེ་སྲོག་ལ་མཚོ་འགྲུལ་སྲུང་སྐྱེལ་བྱེད་པའི་དེད་དཔོན་ཁོང་ནི། དགུང་ལོ་དོན་དྲུག་ལ་སླེབས་པའི་ཧེ་ནན་གྱི་"སྨྱུག་མ་ཁུར་བའི་རྒན་པོ་"བེ་བིན་ཞེན་(魏文贤)ཡིན།

ཡིག་སྒྱུར་བ།  སྐབས་གསུམ་པའི་མཐར་ཕྱིན་སློབ་མ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-01-18 ལྟ་ཀློག (3923)