གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་གསར་འགྱུར།


གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་གསར་འགྱུར། 

   དེ་རིང་སྟེ་སྤྱི་ལོ་༢༠༡༥ལོའི་ཟླ་༡༢པའི་ཚེས་༢༢ཉིན་ངེད་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭར་བིས་མདོ་ལྟེ་བའི་སློབ་གྲྭའི་སློབ་གཙོས་སྣེ་ཁྲིད་དེ་སློབ་སྟོན་ཁང་གི་མགོ་བ་དང་ལོ་རིམ་དྲུག་པའི་སྐད་ཡིག་དགེ་རྒན་ཡོངས་གཟིགས་ཞིབ་དང་སློབ་འཁྲིད་རྒྱུས་ལོན་ཐད་ཕེབས་པར་མ་ཟད། ཆེད་དུ་ལོ་རིམ་དྲུག་པའི་སློབ་འཁྲིད་སྐོར་གྱི་སློབ་འཁྲིད་ཐབས་ལམ་རྒྱུས་ལོན་བྱས་མཐར་ངེད་དགེ་རྒན་གསུམ་ཁོའི་སློབ་འཁྲིད་སྐོར་ནས་བསྔགས་བརྗོད་དང་གདེང་འཇོག་ཚད་མེད་ཐོབ། ཉིན་གུང་དགེ་རྒན་ཡོངས་ཚོགས་འདུ་ཚོགས་ཏེ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ཕན་ཚུན་བར་བསམ་བློ་བསྡུ་ལེན་གང་མང་གནང་བར་མ་ཟད། ཆེད་ཕེབས་བིས་མདོ་ལྟེ་བའི་སློབ་གྲྭའི་སློབ་གཙོ་གཙོ་བྱས་ཚང་མས་མགྲིན་གཅིག་དབྱངས་གཅིག་གནང་བཞིན་ཨ་ཁུ་ཞིག་གིས་འདི་ལྟར་མི་རིགས་དང་ས་ཁུལ་སློབ་གསོ་གཙིགས་སུ་བཟུང་སྟེ་སློབ་གྲྭ་སྒྲུབ་པར་བསྔགས་བརྗོད་ཚད་མེད་གནང་། སང་ལོར་ང་ཚོ་བིས་མདོ་ལྟེ་བའི་སློབ་གྲྭར་ཡོང་བའི་རེ་འདུན་དང་བཅས་མཐར་མཉམ་པར་ཞིག་བླངས་ཏེ་གྲོལ་བའོ། ། 




འཕྲིན་གཏོང་བ།  རྒྱ་འདུ་སངས་རྒྱས།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-23 ལྟ་ཀློག (3292)