འདི་ན་མཉམ་སྒྲུབ་ཚོང་སྡེའི་དགེ་མཚན་མངོན་ཡོད།

འོས་འགན་ལེགས་འགྲུབ་བྱུང་བ་དང་ལྷག་འགྲུབ་བྱུང་ཡོད།

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན།

     ༢༠༡༥ ལོའི་སྤྱི་ཟླ་༡༢ པའི་ཚེས་༡༤ ཉིན་གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་ཀྱིས་སྣེ་ཁྲིད་འོག་བཙུགས་པའི་རྨ་རྒྱལ་མཉམ་སྒྲུབ་ཚོང་སྡེའི་ལོ་མཇུག་གི་སྤྱི་སྡོམ་ཚོགས་འདུ་འཚོགས།  ཚོང་སྡེ་འདིའི་ད་ལོའི་བགོ་བཤའ་ལེགས་པར་མ་ཟད།  ལོ་རྗེས་མའི་འཆར་གཞི་ཡང་ཧ་ཅང་ལེགས་པས་ཡིད་སྤྲོ་བ་ཞིག་རེད།  མ་འོངས་པར་བོད་ཀྱི་ས་གནས་སོ་སོ་ནས་འདི་ལྟ་བུའི་མཉམ་སྒྲུབ་ཚོང་སྡེ་གང་མང་ཞིག་བྱུང་ནས་རང་ས་རང་འཛིན་དང་རང་ཁྱིམ་རང་བདག  རང་ཁ་རང་གསོ་ཐུབ་པའི་སྨོན་འདུན་ཞུ།  

༢༠༡༥ ལོའི་ཚོང་སྡེ་ཚོང་སྒོའི་སྤྱིའི་ཡོང་སྒོ་སྒོར་ཁྲི་༢༣༣ཡིན།  བགོ་བཤའ་རུ་ཞུགས་པའི་མ་རྐང་སྒོར་ཁྲི་༡༠༣༥ དེ་༡༣%ལྟར་བགོ་བཤའ་བྱས་ན་བགོ་བཤའ་དངོས་ཀྱི་བགོས་དངུལ་༡༣༤༦༥༧༦ཡིན།  དེའི་ནང་དུ་དབུལ་སྐྱོར་ཁྱིམ་ཚང་༢༨༣ཡོད།  མ་རྐང་སྒོར་༡༥༥༧༩༥༦དེ་༡༣%ལྟར་བགོ་བཤའ་བྱས་ན་བགོ་བཤའི་དངུལ་གྲངས་སྒོར་༢༠༢༣༤༥ ཡིན།  ད་ལོར་ཚོང་སྡེ་སྤྱིའི་ཡོང་སྒོའི་༨༠% བགོ་བཤའ་བྱས་ཟིན།  བགོ་བཤའི་ལྷག་དངུལ་སྒོར་ཁྲི་༥༣དང་། འགྲོ་སྒོ་ཁྱོན་ཁྲི་༤༥ ཡིན།ད་ལོའི་ཚོང་སྡེ་མ་རྐང་ཆེས་མཐོ་བའི་ཁྱིམ་ཚང་བདུན་ལ་སྔོན་ཐོན་མ་རྐང་མི་སྣའི་བྱ་དགའ་སྟེར་རྒྱུ་ཡིན། མ་རྐང་ཁུངས་མའི་བགོ་བཤའི་ཚད་ཐིགས་ད་ལོ་ཡང་༡%འཕར་སྣོན་བྱུང་བའི་ཚད་གཞི་ཅུང་མཐོ་བའི་བགོ་བཤའ་ལེགས་འགྲུབ་བྱུང་ཡོད། 

༢ དབུལ་སྐྱོར་ཕྱོགས།
མཉམ་སྒྲུབ་ཚོང་སྡེ་འདིའི་བསྟུད་མར་ལོ་གསུམ་རིང་ལ་ཆ་རྐྱེན་ཞན་པའི་རྒན་པ་དང་ལྔ་སྐྱོང་སོགས་ལ་དངུལ་སྐྱོར་སྦྱིན་པ་ཡིན། ཁྱད་པར་དུ་ད་ལོ་རྨ་ཆེན་རྒན་གསོ་ར་བའི་ནང་དུ་ཡུལ་ཚོ་གསུམ་གྱི་ལྔ་སྐྱོང་མི་༡༠༩ དང་བདག་མེད་མི་༤ ། ཁྱོན་༡༡༣ ལ་མི་རེར་སྒོར་༣༠༠ རེ།  ཁྱོན་སྒོར་༣༣༩༠༠ ཡིས་དབུལ་སྐྱོར་བྱས།  འདི་ནི་སྦྱིན་པ་ཆེན་པོ་ཞིག་མིན་ན་ཡང་མཉམ་སྒྲུབ་ཚོང་སྡེ་ཞིག་གི་ཆེས་རྩ་བའི་དམིགས་ཡུལ་དང་ཡུན་རིང་གི་ཁ་ཕྱོགས་མཚོན་ཐུབ།

  


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-12-15 ལྟ་ཀློག (4170)