​མཚོ་སྔོན་ཡེའུ་ཧེ་ཚོང་ཚོགས་ཀྱིས་ངེད་སློབ་གླིང་ལ་རོགས་སྐྱོར་གནང་བ། ​

 

མཚོ་སྔོན་ཡེའུ་ཧེ་ཚོང་ཚོགས་ཀྱིས་ངེད་སློབ་གླིང་ལ་རོགས་སྐྱོར་གནང་བ། 

    མཚོ་སྔོན་ཡེའུ་ཧེ་ཚོང་ཚོགས་ཀྱིས་ངེད་སློབ་གླིང་ལ་གློག་ཀླད་སུམ་ཅུ་དང་། ཚོང་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་ཁྲིན་སྐུ་ཞབས་སྒེར་ངོས་ནས་གློག་ཀླད་ལྔ་བཅས་ཁྱོན་གློག་ཀླད་སོ་ལྔ་གནང་སྟེ་རོགས་སྐྱོར་བྱས་ཤིང་། གཟའ་ལྷག་པའི་ཉིན་ངེད་སློབ་གླིང་ནས་རོགས་སྐྱོར་གནང་བའི་མཛད་སྒོ་དངོས་སུ་སྤེལ་བར་རྨ་ཆེན་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིས་ཀྲུག་ཆིས་ཀྱིས་ཚོང་ཚོགས་ལ་བཀའ་དྲིན་ཞུ་བའི་གཏམ་བཤད་སྤེལ་ཅིང་། ཚོང་ཚོགས་ཀྱི་སྤྱི་གཉེར་བ་མ་རུའུ་ཧྥེ་ལགས་ཀྱིས་གཏམ་བཤད་གནང་མཐར་སློབ་དཔོན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཀའ་དྲིན་ཞུ་བའི་ལག་རྟགས་གནང་སྟེ་བྱ་འགུལ་མཇུག་བསྡུས་སོ།། 




འཕྲིན་གཏོང་བ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-10 ལྟ་ཀློག (4129)