​རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་རྟགས་གསལ་འགྲན་བསྡུར་སྐབས་དང་བོ། ​

 

རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་རྟགས་གསལ་འགྲན་སྡུར་སྐབས་དང་བོ། 

   2015/12/5ཉིན་རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་རྟགས་གསལ་འགྲན་སྡུར་སྐབས་དང་བོ་དེ་མཚོ་སྔོན་མི་རིགས་སློབ་གླིང་ནས་བསྡུས་ཤིང་། ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བུ་སྐལ་བཟང་དར་རྒྱས་དང་། བསྟན་དགའ། རྡོ་རྗེ་ཚེ་རིང་བཅས་འགྲན་སྡུར་ལ་ཞུགས་པར། མཐོ་འབྲིང་རིམ་པའི་འགྲན་སྡུར་ཁྲོད་ངེད་སློབ་གླིང་གི་སློབ་བུ་སྐལ་བཟང་དར་རྒྱས་ལ་ཨང་དང་བོ་དང་། བསྟན་དགའ་དང་རྡོ་རྗེ་ཚེ་རིང་གཉིས་ལ་ཨང་གཉིས་པའི་བྱ་དགའ་ཐོབ། གཞན་ཡང་རང་སློབ་གླིང་གི་སྐབས་བཅུ་གཉིས་མཐར་པའི་ཕྱིན་སློབ་མ་ཁོ་ཚེ་ཚེ་རིང་དོན་གྲུབ་ཀྱིས་ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞིབ་འཇུག་འདོན་བཞིན་ཡོད་ལ། ད་ཐེངས་ཞིབ་འཇུག་སློབ་མའི་འགྲན་སྡུར་ཁྲོད་ཁོང་ལ་ཨང་དང་བོའི་བྱ་དགའ་ཐོབ། 


 



གསར་འགོད་པ།   གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-06 ལྟ་ཀློག (4153)