གློག་བརྙན་ཐར་ལོ་ཡི་གཙོ་འཁྲབ་པ་ཞི་བདེ་ཉི་མ་ལགས་ཡ་གླིང་གློག་བརྙན་དུས་ཆེན་གྱི་ཕུལ་བྱུང་འཁྲབ་སྟོན་པའི་གྲས་སུ་ཚུད་པ།

ཨ་སྒང་གིས་བསྒྱུར་བསྒྲིགས་བྱས།

གློག་བརྙན་ཐར་ལོ་ཡི་གཙོ་འཁྲབ་པ་ཞི་བདེ་ཉི་མ་ལགས་ཡ་གླིང་གློག་བརྙན་དུས་ཆེན་གྱི་ཕུལ་བྱུང་འཁྲབ་སྟོན་པའི་གྲས་སུ་ཚུད་པ།

      དེ་རིང་འབྱོར་བའི་གནས་ཚུལ་ལྟར་ན།  གློག་བརྙན་ཐར་ལོ་ཡི་གཙོ་འཁྲབ་པ་ཞི་བདེ་ཉི་མ་དང་། བརྙན་ལེན་པ་ལེ་སུང་ཡེ་གཉིས་ལ་སྐབས་དགུ་བའི་ཨོ་སི་ཁྲི་རེ་ཡའི་ཡ་གླིང་གློག་བརྙན་དུས་ཆེན་སྟེང་དུ་ཕུལ་བྱུང་འཁྲབ་སྟོན་པ་དང་། ཕུལ་བྱུང་་བརྙན་ལེན་པའི་གཟེངས་རྟགས་བྱ་དགའི་གྲས་སུ་ཚུད་ཡོད་པ་རེད།

 གློག་བརྙན་དུས་ཆེན་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རྩལ་རིག་གནས་རྩ་འཛུགས་ཚོགས་པ་དང་།  རྒྱལ་སྤྱིའི་གློག་བརྙན་ཕབ་སྐྲུན་པའི་མཐུན་ཚོགས།  ཨ་རུའི་CNN རྒྱལ་སྤྱིའི་ཚོགས་པས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་ཞིག་ཡིན་ལ།  འདིར་ཞུགས་པའི་རྒྱལ་ཁབ་བདུན་ཅུ་ལྷག་ཡོད་ཅིང་།འཛམ་གླིང་སྟེང་ཆེས་ཚད་མཐོན་པའི་གློག་བརྙན་དུས་ཆེན་ཞིག་རེད། གློག་བརྙན་དུས་ཆེན་འདིའི་བྱ་དགའ་སྟེར་བའི་མཛད་སྒོ་ཆེན་མོ་དེ་སྤྱི་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་ཨོ་སི་ཁྲི་རེ་ཡ་རྒྱལ་ཁབ་ཀྱི་པུ་ལེ་སི་ཕན་གྲོང་ཁྱེར་ནས་བསྡུ་རྒྱུ་རེད། སྐབས་འདི་དང་བསྟུན་ནས་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་བརྩམས་སྒྲུང་པ་གྲགས་ཅན་པད་མ་ཚེ་བརྟན་གཙོ་བྱས་པའི་ཕབ་སྐྲུན་ཚན་ཆུང་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། 




གསར་འགྱུར་བརྒྱུད་སྤྲོད་པ། སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་གཉན་བུ་ཡིན། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-22 ལྟ་ཀློག (6334)