ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་ལུས་རྩལ་འགྲན་ཚོགས་ཆེན་མོ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་ལུས་རྩལ་འགྲན་ཚོགས་ཆེན་མོ། 

      ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་རེའི་འཆར་གཞི་ལྟར་སྤྱི་ཟླ་བཅུ་བའི་ཚེས་གཉིས་ཉིན་སྐབས་ཉེར་གཅིག་པའི་ལུས་རྩལ་འགྲན་ཚོགས་ཆེན་མོ་སློབ་གླིང་དུ་དངོས་སུ་དབུ་བརྩམས་ཤིང་།   འཛིན་གྲྭ་སོ་སོའི་རང་རང་གི་ཁྱད་ཆོས་ལྡན་པའི་ལུས་རྩལ་བའི་རུ་དར་སྣ་ཚོགས་ཀྱིས་མ་ཡུམ་སློབ་གླིང་གི་ལུས་རྩལ་ཐང་ཆེན་ཡོངས་མཛེས་པར་བྱས། ལུས་རྩལ་འགྲན་ཚོགས་འདིའི་སྟེང་དུ་འཛིན་གྲྭ་སོ་སོའི་ཐག་འཐེན་དང་། ས་སྒྱེ་འགྱོགས་པ། གླང་ཆེན་ས་གཤགས། མཆོང་ལྡིང་གི་རིགས། མདའ་མདུང་སྐོར་འཕེན།མུན་ནག་རྔ་རྡུང་། སྟེགས་ཐོག་ཕོ་ལོང་སོགས་རྩེད་མོའི་རྣམ་གྲངས་ཤིན་ཏུ་མང་བས་དམ་ཚིག་གཙང་བའི་དགེ་སློབ་ཀུན་དགའ་སྤྲོའི་དཔལ་དུ་དྲངས་སོ།། 

འཛིན་གྲྭ་སོ་སོའི་རུ་ཁག་རྣམས་ལུས་རྩལ་ཐང་ཆེན་དུ་འཛོམས་པ།

འཛིན་གྲྭ་སོ་སོའི་འཐུས་ཚབ་རུ་དཔུང་།

འཛིན་གྲྭའི་འཐུས་ཚབ་རུ་དཔུང་།

རྐང་རྒྱུག་འགྲན་བསྡུར་དངོས་སུ་འགོ་བརྩམས་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-10-03 ལྟ་ཀློག (4697)