ས་ཆེན་ཕྱག་གིས་གཞལ་བའི་སྤྲུལ་སྐུ་ཞིག

ས་ཆེན་ཕྱག་གིས་གཞལ་བའི་སྤྲུལ་སྐུ་ཞིག
   སྤྲུལ་སྐུ་ཉྭ་ནག་པ་བསྟན་པའི་རྒྱལ་མཚན་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་འཛམ་གླིང་ཞི་བདེ་འོང་བ་སོགས་སྒོ་དུ་མར་དམིགས་ནས་ཀུན་སློང་རྣམ་བར་དག་པས་མཚམས་སྦྱར་ཏེ་སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་བློ་སྟོབས་འགྱུར་མེད་ཀྱིས་མདོ་སྨད་དཀར་མོ་དགོན་རི་ཁྲོད་དགའ་ལྡན་བཀྲ་ཤིས་ཆོས་འཁོར་གླིང་ནས་ལྷ་སའི་ཇོ་བོའི་མདུན་སར་ས་ཆེན་པོ་བརྐྱངས་ཕྱག་གིས་གཞལ་བར་དམ་བཅས་ཤིང་། སྙིང་སྟོབས་ཆེན་པོས་སྟ་གོན་ལ་བརྩམས་པ་ན་དད་ལྡན་སེར་སྐྱ་མང་བོས་འཚང་ཁ་ཤིག་ཤིག་དགའ་སྐྱོ་ཟུང་གི་མིག་ཆུ་དང་ལྷན་དུ་དམ་པ་ཁོང་གི་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས་སྐྱེལ་མ་བྱས།
 
མདོ་སྨད་དཀར་མོ་དགོན་རི་ཁྲོད་དགའ་ལྡན་བཀྲ་ཤིས་ཆོས་འཁོར་གླིང་དུ་ལམ་ལ་ཆས་པ།
༧སྐྱབས་རྗེ་ཨོའུ་རྒྱ་སྤྲུལ་སྐུ་བློ་བཟང་འཇམ་དཔལ་རྒྱ་མཚོས་ལམ་བར་དུ་ལྷ་དར་འཐེན་ཏེ་སྙིང་སྟོབས་འགྱུར་མེད་ཀྱི་སེམས་ཤུགས་བསྩལ་བ།
     ཁ་ཆར་བུ་ཡུག་དང་ཙག་རླུང་སེར་གསུམ་གང་ལའང་མ་འཛེམས་པར་རི་ཆུ་སྟོང་ཕྲག་མང་བོ་བརྐྱངས་ཕྱག་གིས་གཞལ་མཐར་ཉིས་སྟོང་བཅོ་ལྔ་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་བདེ་ལེགས་ངང་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་མདུན་དུ་འབྱོར།   དམ་པ་ཁོང་གིས་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་མདུན་དུ་གདུང་ཤུགས་དྲག་པོས་གསོལ་བ་ཡང་ཡང་བཏབ་པ་ན་བཀྲ་ཤིས་པའི་ལྟས་བཟང་དང་ཡ་མཚན་དངོས་བྱུང་གི་རྟགས་མཚན་དུ་མ་བཅས་དགེ་བ་རྫོགས་ཞིང་དུ་བསྔོས་པར་༧ཨོའུ་རྒྱ་སྤྲུལ་སྐུ་བློ་བཟང་འཇམ་དཔལ་རྒྱ་མཚོ་དང་སྨན་རམས་པ་གྲགས་ཅན་སོག་པོའི་ཚེ་བཀྲ།  སྤྲུལ་སྐུ་ཤེས་རབ་བློ་འཕེལ།  ཆུ་དམར་དགོན་པའི་བཟོད་པ། ཀླུ་ཚང་དགོན་པའི་བསམ་འཕེལ།དཀར་མོ་དགོན་པའི་ཤེས་རབ་ཉི་མ།  བཤད་སྒྲུབ། དམ་ཆོས།བོ ད་ལྗོངས་བརྙན་འཕྲིན་ཁང་གི་ཡིག་བསྒྱུར་བ་མཁར་རྒྱལ། ལྷ་སའི་ཚོང་བ་དབང་རྒྱལ་རྒྱལ།   བོད་ལྗོངས་ཚགས་པར་ཁང་གི་དཔལ་སྐྱབས། ཉྭ་ནག་སྡེ་བའི་འཐུས་ཚབ་པ་གནམ་ལྷ་རྒྱལ། གསང་རིས།  རྡོ་ཐར།  རྟ་བོ་སོགས་དད་ལྡན་སེར་སྐྱ་བརྒྱ་ཕྲག་ལྷག་གིས་དམ་པ་ཁོང་ལ་ལྷ་དར་སྒྲོན་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་སྙིང་སྟོབས་འགྱུར་མེད་ཀྱི་དཔའ་དར་འཐེན་པ།

རི་ཆུ་སྟོང་ཕྲག་མང་བོ་བརྐྱངས་ཕྱག་གིས་གཞལ་མཐར་བདེ་ལེགས་ངང་ལྷ་སར་འབྱོར་བ།

    ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ཇོ་བོ་ཡིད་བཞིན་ནོར་བུར་ན་བཟའ་གསོལ་བ་དང་ལུས་གསེར་འབུལ་བ།  སྟོང་མཆོད་འཛིན་པ་སོགས་བསོད་ནམས་ཀྱི་ཚོགས་དང་བཅས་དགེ་བ་གང་བྱས་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་རྒྱུར་བསྔོ་རྒྱུ་ཡིན་པ་དང་།  སྒོས་སུ་འཛམ་གླིང་ཞི་བདེ་དང་ཁ་བ་གངས་ཅན་པའི་བསམ་དོན་འགྲུབ་པའི་སྐྱབས་འཇུག་གནང་རྒྱུ་ཡིན་སྟབས་ཁོང་ལ་འབྲེལ་ཐོག་པའི་སྦྱིན་བདག་སྤྱི་དང་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ཀྱིས་ཀུན་སློང་རྣམ་པར་དག་པའི་སྒོ་ནས་གསོལ་བ་འདེབས་པ་ནི་ཤིན་ཏུ་གལ་ཆེ་བར་གསུངས་སོ།།

དེ་རིང་དྲ་ལམ་དུ་ཁོང་ལ་དངོས་སུ་བཅར་འདྲི་བྱས་པ་བརྒྱུད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་ཚིགས་གསར་འགོད་པས་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-09-26 ལྟ་ཀློག (9602)