སློབ་དཔོན་ཆེན་མོ་ལྡོང་ཡོན་རྒྱ་མཚོ་མཆོག་ཁྱུང་མཆུ་རྫོང་མི་རིགས་སློབ་འབྲིང་དུ་ཕེབས་པ།

གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་རྒྱ་མཚོ་མཆོག་གིས་རྔ་བ་ཁུལ་ཁྱུང་མཆུ་རྫོང་དུ་སློབ་གསོའི་མཛད་འཕྲིན་བསྐྱངས་པ།

 

     སི་ཁྲོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་སློབ་གཙོ་རྣམས་ཀྱིས་གདན་འདྲེན་ཞུས་པ་བཞིན་རང་སློབ་གྲྭའི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་སྤྱི་ལོ་༢༠༡༥ ལོའི་སྤྱི་ཟླ་༩་བའི་ཚེས་༥ཉིན་ཁྱུང་མཆུ་རྫོང་མི་རིགས་སློབ་འབྲིང་དུ་ཕེབས་ཏེ་སློབ་གསོའི་མཛད་འཕྲིན་བསྐྱངས་ཤིང་།   སྐད་གཉིས་སྨྲ་བའི་དགེ་རྒན་ཉིས་བརྒྱ་ལྷག་ལ་དགེ་རྒན་གྱི་འགན་འཁྲི་ཞེས་པའི་བརྗོད་གཞི་དང་འབྲེལ་ནས་འཆད་ཁྲིད་ཞིབ་རྒྱས་གནང་བ་དང་།  འཆད་ཁྲིད་ཀྱི་མཇུག་ཏུ་ཉམས་མྱོང་དང་སེམས་ཤུགས་མཐོ་བའི་དགེ་རྒན་མང་བོས་མི་རིགས་སློབ་གསོའི་གནས་བབས་ཀྱི་ཟུར་སྣ་ཚོགས་ནས་དྲི་བ་བཏོན་པར་ཁ་གསལ་དོན་འདུས་ཀྱི་ལན་གནང་སྟེ་ཐེངས་འདིའི་འཆད་ཁྲིད་བདེ་བླགས་ངང་མཇུག་རྫོགས་པ་དང་།    མཇུག་ཏུ་སློབ་གླིང་དེའི་མཐར་ཕྱིན་སློབ་མ་རྣམས་ཀྱི་རེ་བ་བཞིན་ཁོང་ཚོར་སློབ་སྦྱོང་བྱེད་པའི་དམིགས་ཡུལ་དང་། བོད་སྐད་ཡིག་དང་བོད་རིག་པར་ངོས་འཛིན་ག་འདྲ་བྱེད་དགོས་པ་སོགས་ཀྱི་བསླབ་སྟོན་མདོར་བསྡུས་ཤིག་ཀྱང་གནང་ངོ་།།  

ས་གནས་དགེ་སློབ་ཡོངས་ཀྱིས་ཕེབས་བསུ་བྱེད་བཞིན་པ།

འཆད་ཁྲིད་ཀྱི་ཡུལ་དངོས།

ཚོགས་ཞུགས་པ་རྣམས་ཀྱིས་གསུང་བཤད་ལ་ཉན་བཞིན་པ།

མཇུག་ཏུ་བསྐྱོན་པའི་མཉམ་པར།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-09-07 ལྟ་ཀློག (6698)