དགེ་རྒན་ཆོས་སྐྱོང་འགྱུར་མེད།


2014--2015ལོའི་བར་སློབ་གྲྭར་ལས་ཀ་བསྒྲུབས་མྱོང་།

མི་སྒེར་ངོ་སྤྲོད།

      སྟོང་རུ•ཆོས་སྐྱོང་འགྱུར་མེད་དམ་གངས་ཅན་དབྱངས་འཚོ་ལགས་ནི།    སྤྱི་ལོ་༡༩༩༠ལོར་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་སྨན་མདའ་གྲོང་དུ་སྐྱེས་ཤིང་།   ས་གནས་དེའི་སློབ་ཆུང་འདོན་ཚར་རྗེས་རིས་སུ་མ་ཆད་པའི་བོད་ཀྱི་ནང་བསྟན་སློབ་གྲྭ་ཆེ་ཁག་གང་མང་ལ་ཟུར་ཞུགས་བྱས་ནས་བོད་རྒྱུད་ནང་བསྟན་གྱི་རིག་ཚན་ཀུན་ལ་སྦྱོང་བ་བྱས།   འོན་ཀྱང་བརྡ་སྤྲོད་དང་སྙན་ངག་སོགས་ཐ་སྙད་རིག་གནས་ཀྱི་བྱེ་བྲག་ཕལ་ཆེར་རང་སྦྱོང་ལ་བསྟེན་པ་ཤ་སྟག་རེད།

      དེ་ཡང་སྤྱི་ལོ་༢༠༡༡ལོར་རྭ་རྒྱ་ཤེས་རིག་གླིང་དུ་རྒྱུགས་སྤྲད་དེ་བགྲང་བྱ་གསུམ་ལྷག་གི་རིང་རྒྱ་བོད་ཀྱི་རིག་གཞུང་དུ་མ་བསྐྱར་དུ་སྦྱོང་བས་གྲུབ་འབྲས་ངེས་ཅན་ཞིག་བླངས།   སློབ་གྲྭར་སྡོད་སྐབས་སློབ་བུ་ཚོགས་པའི་སློབ་སྦྱོང་ཨུ་ཡོན་གྱི་འགན་དང་རྩོམ་སྒྲིག་འགོ་སོགས་སློབ་སྦྱོང་གི་ཞོར་ནས་མ་ཡུམ་སློབ་གྲྭར་ཞབས་འདེགས་གང་ནུས་ཞུས།   རང་ཉིད་རྩོམ་རིག་ལ་དགའ་བ་ཐལ་དྲགས་པའི་རྐྱེན་གྱི་ལང་ཚོའི་དུས་ཚོད་གང་མང་ཞིག་དེའི་ཆེད་བསྟིམས་མྱངས་པས།   ༢༠༡༤ལོར་བོད་ཁམས་ཡོངས་ཀྱི་སློབ་འབྲིང་སློབ་མའི་རྩོམ་རིག་འགྲན་སྡུར་ལས་ཨང་དང་བོའི་གཟེངས་རྟགས་ཐོབ་པའང་དེའི་འབྲས་རྟགས་ཙམ་སེམས་ནས་ཡོད།  

     ༢༠༡༤ལོར་ཕྱིར་རང་གི་མ་ཡུམ་སློབ་གྲྭར་དགེ་རྒན་དཀྱུས་མ་ཞིག་གི་འགན་བླངས་ནས་བསྡད་ཡོད།

     ཁ་སྔོན་འགྲེམས་སྤེལ་བྱས་ཟིན་པའི་བརྩམས་ཆོས།

     གངས་ཅན་དབྱངས་འཚོའི་རིག་མཛོད།

    <<བོད་ཀྱི་སྒྲ་སྦྱོར་རིག་པ།>>སྟོད་ཆ།

    <<སྒྲ་སྦྱོར་རིག་པའི་ལྷན་ཐབས།>>

     <<མེ་ཏོག་ཟིལ་ཕྲེང་།>>

     འགྲེམས་སྤེལ་བྱ་འགྱུར་གྱི་བརྩམས་ཆོས།

    <<བོད་ཀྱི་སྒྲ་སྦྱོར་རིག་པ།>>སྨད་ཆ།

    <<ནུབ་ཕྱོགས་མཚན་ཉིད་རིག་པ།>>

    <<སྒྱུ་རྩལ་མཚན་ཉིད་རིག་པ།>>

    <<ཐེ་ཀོར་ཞིབ་འཇུག>>

     <<ལམ་འགྲམ་གྱི་ཚིག་ཇ་ཁང་>>

དེབ་གསར་གསུམ་དང་སྐད་ཆ་མདོར་བསྡུས་མ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-08-28 ལྟ་ཀློག (5048)