ཚེ་འདིར་བུ་ཕྲུག་གིས་ཕ་མ་ལ་ཆེད་དུ་བསྒྲུབ་དགོས་པའི་དོན་དག་དགུ།

ཡིག་སྒྱུར་བ། པོ་ཏ་ལ།
འཛམ་གླིང་ཐོག་ཆེས་མཛེས་སྡུག་ལྡན་པའམ་དགའ་འོས་པའི་དོན་གཅིག་སྟེ། དེ་ནི་རང་ཉིད་སྔར་ནས་འཚར་ལོངས་བྱུང་ཟིན་ཞིང་། ཁྱོད་རང་ད་དུང་རྒས་མེད་པར་མ་ཟད་རང་ཉིད་ལ་དྲིན་ལན་འཇལ་བའི་ནུས་པ་ཡོད་ཅིང་ཁྱེད་རང་སྔར་ལྟར་བདེ་ཐང་གིས་འཚོ་བ་དེ་རེད །
གཅིག དུས་ལྟར་ཕ་མ་ཁྲིད་ནས་ལུས་ཁམས་བརྟག་བཤེར་བྱ་རྒྱུ།
གཉིས། ཕ་མའི་སིལ་དངུལ་ཉུང་མི་བཅུག་རྒྱུ།
གསུམ། ཕ་མར་རོགས་རམ་བྱས་ཏེ་ཁོ་ཚོས་གཞོན་དུས་སུ་མ་འགྲུབ་པའི་རེ་འདུན་མངོན་གྱུར་ཐུབ་པ་བྱེད་དགོས།
བཞི། ཕ་མ་དང་མཉམ་དུ་འགྲོགས་ནས་སྔོན་གྱི་ཕ་ཡུལ་དུ་བགྲོད་དགོས་པ།
ལྔ། ཕ་མ་དང་མཉམ་དུ་ཁོ་ཚོའི་གྲོགས་པོ་དང་གྲོགས་མོར་འཚམས་འདྲི་ཞུ་དགོས་པ།
དྲུག ཕ་མ་ལ་རྒྱུན་དུ་པར་མང་ཙམ་ལེན་རོགས་བྱེད་རྒྱུ།
བདུན། ཨ་ཕ་དང་མཉམ་དུ་ལས་དོན་སྐོར་གྱི་ཁ་བརྡ་གློད། ཨ་མ་དང་མཉམ་དུ་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ཤོད།
བརྒྱད། ཕ་མ་ཁྲིད་དེ་ཡུལ་སྐོར་དང་གནས་སྐོར་གྱིས།
དགུ། ལུས་པོ་གསོ་བྱེད་དེ་འཚོ་བཅུད་ལྡན་པའི་ཟས་ཆ་ཚང་འཛོམས་པར་གྱིས། རང་རྒྱུད་གྱོང་བོ་འདུལ་ཞིང་སེམས་ཀྱི་གསོས་སྨན་དམ་ཆོས་ཀྱི་ངོ་སྤྲོད་དང་ཉམས་ལེན་ཙག་ཙིག་རེ་བྱེད་སར་འགྲོ་སྤྱད་ཀྱི་མཐུན་རྐྱེན་ཕྲན་ཙམ་རེའང་སྦྱར་ཨེ་ཐུབ་ལྟ་དགོས་པ་བཅས་སོ།།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།
|