བསམ་བློའི་བར་ཁྱད།
བཛྲ་ཚུལ་ཁྲིམས་ཀྱིས་བསྒྱུར།
མེ་འཁོར་ཞིག་ཏུ། འཇར་མན་པ་ཞིག་དང་ཨ་རི་བ་ཞིག་ཀྲུང་གོ་བ་ཞིག་བཅས་སོ་སོའི་བྱིས་པ་རེ་དང་བཅས་བསྡད་འདུག་པར། ལམ་ནས་གྲྭ་བཙུན་ཞིག་མེ་འཁོར་དུ་བུད་བྱུང་། འཇར་མན་པས་རང་གི་བྱིས་པར།ཆོས་གཞུང་ལ་སློབ་སྦྱོང་ལེགས་པར་བྱོས་དང་།ཁྱོད་ཀྱང་མ་འོངས་པར་ཆོས་ལུགས་རིག་པ་བ་ཞིག་ཏུ་འགྱུར་ཡང་ཆོག་གོ་ཞེས་ཟེར།
ཨ་རི་བས་རང་གི་བྱིས་པ་ལ།ཆུང་དུས་ནས་བློ་དཀར་གཞུང་དྲང་བྱོས།ཀུན་གྱིས་ཡིད་ཆེས་བྱེད་ས་ཞིག་ཏུ་འགྱུར་ཐུབ་པར་འབད་པས་སྐྱེད་སྲིང་བྱོས་དང་།ཁྱོད་ཀྱང་མ་འོངས་པར་ཆོས་ལུགས་སྨྲ་བ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་ཟེར།
ཀྲུང་གོ་བས་རང་གི་བྱིས་པར་བཤད་པ།སློབ་སྦྱོང་ལེགས་པོ་ཞིག་མ་བྱས་ན།མ་འོངས་པར་བྱ་བ་མི་རྙེད་ཅིང་།གཟའ་ཟླ་ཡང་མི་རྙེད་པས།ཁྱོད་ཀྱང་ཁོ་དང་འདྲ་བར་གྲྭ་བ་བྱེད་དགོས་པར་འགྱུར་རོ་ཟེར།
རྩོམ་སྒྲིག་འགན་འཁུར་བ།
ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། ཨ་བུ་འབྲོང་། བན་ཤུལ་འཇམ་དབྱངས།
|