སྟོང་བཙན་བུམ་པའི་རྐང་གྲུག་འགྲན་སྡུར།

སྟོང་བཙན་བུམ་པའི་རྐང་གྲུག་འགྲན་སྡུར

  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་འཆར་ཅན་ལྟར་སྟོང་བཙན་བུམ་པའི་རྐང་གྲུག་འགྲན་བསྡུར་གཟའ་འཁོར་སྔོན་མ་ནས་འགྲན་ཅིང་དེ་རིང་དངོས་སུ་མཇུག་བསྡུས་པར། མཐའ་མཇུག་གི་ཉིན་འདིར་འགྲན་ཞུགས་འཛིན་གྲྭ་བཞི་ཡིས་ཨང་དང་བོ་དང་གཉིས་པ། གསུམ་པ། རྟིང་སྐུལ་བཅས་བརྩད་དེ་མཐར་མཐོ་གཉིས་གཉིས་པ་ལ་སྟོང་བཙན་གསེར་གྱི་རྟགས་མ་དང་། འབྲིང་གཅིག་འཛིན་གྲྭ་ལ་དངུལ་གྱི་རྟགས་མ། མཐོ་གཅིག་གཉིས་པ་ལ་ཟངས་ཀྱི་རྟགས་མ་བཅས་དང་། དངོས་གཞི་འཛིན་གྲྭ་ལ་རྟིང་སྐུལ་བྱ་དགའ་ཐོབ། འཛིན་གྲྭ་སོ་སོའི་སྤྲོ་སེམས་དང་འགྲན་ཞུགས་མི་སྣའི་ཞི་དུལ་གྱི་ངང་རྒྱུད་བཟང་བོ་ལས་འགྲན་བསྡུར་འདི་ཉིད་ཀྱི་ཐོག་མཐའ་བར་གསུམ་ཧ་ཅང་ཡིད་ཚིམ་པ་ཞིག་བྱུང་སོང་ངོ་།། 


བརྩེ་གཟིགས། 


མཐུན་པའི་ལག་རྡང་། 


ཕོ་རྩལ། 


ཁོད་ཡངས་པའི་ལུས་རྩལ་ཐང་།

 

རྒྱལ་ཁའི་ཀི་ལྡིར། 

༢༠༡༥ལོའི་ཟླ་༤ཚེས་༣ཉིན།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-07-13 ལྟ་ཀློག (23415)