མེ་ལོང་རི་མོའི་སྒྱུ་རྩལ་འགྲེམ་སྟོན།

མེ་ལོང་རི་མོའི་སྒྱུ་རྩལ་འགྲེམ་སྟོན།
       ༢༠༡༥ལོའི་སྤྱི་ཟླ་དྲུག་པའི་ཚེས་༡༣-༡༤སྟེ་ཉིན་གཉིས་ཀྱི་རིང་ཟི་ལིང་ལྷོ་རི་སྤྱི་གླིང་གངས་ལྗོངས་དམངས་སྲོལ་དངོས་མང་བཤམས་སྟོན་ཁང་དུ་སྐབས་གསུམ་པའི་མེ་ལོང་རི་མོའི་སྒྱུ་རྩལ་བརྩམས་ཆོས་སྣ་ཚོགས་ཏེ།  རྒྱལ་ཕྱི་ནང་གི་རི་མོ་བ་གྲགས་ཅན་གྱིས་བྲིས་པའི་རི་མོ་སྣ་ཚོགས་དང་།  ཐང་ཀའི་སྒྱུ་རྩལ །   ཡིག་གཟུགས་སྒྱུ་རྩལ།   པར་ལེན་སྒྱུ་རྩལ།   དེ་བཞིན་དངོས་མང་བཤམས་སྟོན་ཁང་དང་། ཐང་ཀ་སྦྱོང་བཞིན་པའི་སློབ་གྲྭ་དང་དགོན་པ་སོགས་སྒྱུ་རྩལ་སྡེ་ཁག་སོ་སོ་དང་མི་སྒེར་ལས་ཁུངས་ཁག་ཏུ་བྲིས་པའི་རི་མོ་སྣ་ཚོགས་དང་ཐང་ག   ཡིག་གཟུགས་སོགས་འབྲེལ་ཡོད་སྒྱུ་རྩལ་བརྩམས་ཆོས་སྣ་ཚོགས་འགྲེམས་སྟོན་བྱས་པར་མ་ཟད།   མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་དང་མཚོ་ནུབ་ཁུལ་སོགས་ནས་ཕེབས་པའི་ན་གཞོན་སྐོར་ཞིག་ལ་མེ་ལོང་སྒྱུ་རྩལ་འགྲེམ་སྟོན་ཟབ་ཞུགས་པའི་ཕྱག་རྟགས་གནང་བ་དང་བན་ཤུལ་མཁས་ཕྲུག་ལ་དཔེ་དེབ་སྒྲིག་སྦྱོར་ཕུལ་བྱུང་གི་བྱ་དགའ་གནང་བ།

 

 

 

 

 

       ཐེངས་འདིའི་འགྲེམས་སྟོན་སྟེང་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཁག་ཅིག་དང་ལས་ཁུངས་སོ་སོའི་འགོ་ཁྲིད།   སྦྲང་ཆར་རྩོམ་སྒྲིག་ཁང་། ཁྲིམས་ལུགས་ཚགས་པར་རྩོམ་སྒྲིག་ཁང་སོགས་གཞུང་སྒེར་གྱི་དཔེ་དེབ་རྩོམ་སྒྲིག་ཁང་དང་།  དེ་བཞིན་བོད་ཀྱི་དགེ་རྒན་ཆེན་མོ་དང་ཨ་མདོའི་བརྙན་འཕྲིན་ཁང་སོགས་ཀྱིས་ཞིབ་གཟིགས་གནང་བར་མ་ཟད།  རྒྱལ་ཕྱི་ནང་གི་རི་མོའི་སྒྱུ་རྩལ་བ་དང་མི་རིགས་རིག་གནས་ལ་ལྷག་བསམ་དཀར་ཞིང་མེ་ལོང་ལོ་དེབ་གྱི་དཀའ་སྡུག་ལ་རྒྱུས་མངའ་ཡོད་པའི་གྲོགས་པོ་མང་བོས་རྒྱབ་སྐྱོར་ཤུགས་ཆེན་གནང་།  འདི་ནི་ཆེས་བརྗེད་དཀའ་བའི་འདས་དོན་དང་རྩོམ་སྒྲིག་པའི་ལོ་རྒྱུས་ཁྲོད་གསུབ་ཏུ་མེད་པའི་རྒྱལ་ཁ་ཐེངས་ཤིག་ཏུ་ངོས་བཟུང་ཆོག 



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-13 ལྟ་ཀློག (6832)